
བརྩེ་འདང་རི་མོ་ཅན།ཉན་ཐེངས།
དབྱངས་ཅན་ལྷ་མོ།
ངོ་སྤྲོད།བརྩེ་འདང་རི་མོ་ཅན།ཚིག མྱིང་མེད།དབྱངས། རིན་ཆེན་ནོར་བུ།ལེན་མཁན། དབྱངས་ཅན་ལྷ་མོ།
སྐད་རིགས།བོད་སྐད།
རིགས་གྲས།དེང་གཞས།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
བརྩེ་འདང་རི་མོ་ཅན།
ཚིག མྱིང་མེད།
དབྱངས། རིན་ཆེན་ནོར་བུ།
ལེན་མཁན། དབྱངས་ཅན་ལྷ་མོ།
ངས་ཕར་བལྟས་ཕར་ལ་བལྟས་ན།།
རི་མཐོན་པོ་སྨུག་པ་ཅན་པོ།།
སྤྲིན་དཀར་དམར་གཉིས་ཀྱི་མཚམས་ན།།
ཆུང་བྱམས་པ་འདྲ་ལེར་ཡོད་གི།།
ཆུང་བྱམས་པའི་བརྩེ་བའི་རི་མོ།།
ལོ་ཟླ་བའི་བཞུར་རྒྱུན་ཁྲོད་ནས།།
མདངས་མི་འགྱུར་བཞུགས་རྒྱུ་བྱུང་ན།།
སྤང་མེ་ཏོག་འདྲ་ལེར་ཡོད་གི།
ངས་སེམས་པ་རྒྱང་ལ་འཕྲེང་ནས།།
འདང་བརྩེ་བའི་རྣ་ཏོག་བསླེས་ན།།
ཁྱོའི་སེམས་ཀྱི་ཤོག་དཀར་ངོས་ལ།།
ངའི་གཟུགས་རིས་ཡོད་གི་འུ་རེད།།
ངས་ཚིག་གསུམ་དར་གྱི་མདུད་པ།།
ཆུ་ཆུང་ཆུང་ཞིག་ལ་བཤད་ན།།
ཆུ་ཆུང་ཆུང་བཞུར་སྒྲ་སྙན་མོ།
ཆུང་བྱམས་པའི་ཨ་ལན་འདྲ་ལེ།།
ཚིག མྱིང་མེད།
དབྱངས། རིན་ཆེན་ནོར་བུ།
ལེན་མཁན། དབྱངས་ཅན་ལྷ་མོ།
ངས་ཕར་བལྟས་ཕར་ལ་བལྟས་ན།།
རི་མཐོན་པོ་སྨུག་པ་ཅན་པོ།།
སྤྲིན་དཀར་དམར་གཉིས་ཀྱི་མཚམས་ན།།
ཆུང་བྱམས་པ་འདྲ་ལེར་ཡོད་གི།།
ཆུང་བྱམས་པའི་བརྩེ་བའི་རི་མོ།།
ལོ་ཟླ་བའི་བཞུར་རྒྱུན་ཁྲོད་ནས།།
མདངས་མི་འགྱུར་བཞུགས་རྒྱུ་བྱུང་ན།།
སྤང་མེ་ཏོག་འདྲ་ལེར་ཡོད་གི།
ངས་སེམས་པ་རྒྱང་ལ་འཕྲེང་ནས།།
འདང་བརྩེ་བའི་རྣ་ཏོག་བསླེས་ན།།
ཁྱོའི་སེམས་ཀྱི་ཤོག་དཀར་ངོས་ལ།།
ངའི་གཟུགས་རིས་ཡོད་གི་འུ་རེད།།
ངས་ཚིག་གསུམ་དར་གྱི་མདུད་པ།།
ཆུ་ཆུང་ཆུང་ཞིག་ལ་བཤད་ན།།
ཆུ་ཆུང་ཆུང་བཞུར་སྒྲ་སྙན་མོ།
ཆུང་བྱམས་པའི་ཨ་ལན་འདྲ་ལེ།།