
སེམས་གཏམ།ཉན་ཐེངས།
རྟ་དབང་རྒྱལ་མཚན།
ངོ་སྤྲོད།རྟ་དབང་རྒྱལ་མཚན་གྱི་རྐྱང་གཞས་གསར་བ།
སྐད་རིགས།བོད་སྐད།
རིགས་གྲས།རྡུང་ལེན།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
སེམས་གཏམ།
ཚིག གཙང་རིག་སྐལ་བཟང་རྣམ་འདྲེན།
དབྱངས། ཤེར་བསྟན།
ལེན་མཁན། རྟ་དབང་རྒྱལ་མཚན།
རྫ་ཁྲ་ཁྲའི་སྒང་ལམ་འགྲིམ་དུས།
དགྲ་ལམ་མེད་རི་སྤྱང་སྔོན་མོ།
རི་ལ་ལུང་རྒྱུག་འདུར་དགོས་རུང་།
ངའི་གཡང་དཀར་ལུག་ཁྱུ་མ་གཏོར།
རི་ལ་ལུང་རྒྱུག་འདུར་དགོས་རུང་།
ངའི་གཡང་དཀར་ལུག་ཁྱུ་མ་གཏོར།
ཡུལ་རྒྱུས་མེད་ས་མཐའ་བསྐོར་བའི།
མི་བློ་མེད་ནག་ཆེན་ཁྲམ་པ།
རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།
ངའི་ཕུ་ནུའི་དཔུང་རྡང་མ་གཏོར།
རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།
ངའི་ཕུ་ནུའི་དཔུང་རྡང་མ་གཏོར།
ལུང་རིགས་པའི་རྒྱབ་རྟེན་མེད་པའི།
ལག་འཛིན་མེད་རྩོམ་པ་ཁ་ཤས།
སེམས་གང་ཤར་ཚོད་འཛིན་མེད་རུང་།
ངའི་ཕ་མའི་རིག་གཞུང་མ་བརླག
སེམས་གང་ཤར་ཚོད་འཛིན་མེད་རུང་།
ངའི་ཕ་མའི་རིག་གཞུང་མ་བརླག
ཚིག གཙང་རིག་སྐལ་བཟང་རྣམ་འདྲེན།
དབྱངས། ཤེར་བསྟན།
ལེན་མཁན། རྟ་དབང་རྒྱལ་མཚན།
རྫ་ཁྲ་ཁྲའི་སྒང་ལམ་འགྲིམ་དུས།
དགྲ་ལམ་མེད་རི་སྤྱང་སྔོན་མོ།
རི་ལ་ལུང་རྒྱུག་འདུར་དགོས་རུང་།
ངའི་གཡང་དཀར་ལུག་ཁྱུ་མ་གཏོར།
རི་ལ་ལུང་རྒྱུག་འདུར་དགོས་རུང་།
ངའི་གཡང་དཀར་ལུག་ཁྱུ་མ་གཏོར།
ཡུལ་རྒྱུས་མེད་ས་མཐའ་བསྐོར་བའི།
མི་བློ་མེད་ནག་ཆེན་ཁྲམ་པ།
རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།
ངའི་ཕུ་ནུའི་དཔུང་རྡང་མ་གཏོར།
རུ་སྡེ་བ་དཀྲུགས་ཤིང་དགོས་རུང་།
ངའི་ཕུ་ནུའི་དཔུང་རྡང་མ་གཏོར།
ལུང་རིགས་པའི་རྒྱབ་རྟེན་མེད་པའི།
ལག་འཛིན་མེད་རྩོམ་པ་ཁ་ཤས།
སེམས་གང་ཤར་ཚོད་འཛིན་མེད་རུང་།
ངའི་ཕ་མའི་རིག་གཞུང་མ་བརླག
སེམས་གང་ཤར་ཚོད་འཛིན་མེད་རུང་།
ངའི་ཕ་མའི་རིག་གཞུང་མ་བརླག