མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

ཀྲུང་གོ་བོད་ཀྱི་དྲ་བའི་རོལ་མོ་དྲ་ཚིགས་སྟེང་དུ་གཞས་སྤེལ་སྟངས་ངོ་སྤྲོད།

2013-11-07 10:09:32 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

         རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་སྐུ་ཁམས་བདེ་ལེགས་སམ། ཉེ་ལམ། ངེད་ཀྲུང་གོ་བོད་ཀྱི་དྲ་བས་བོད་རང་གི་ཐུན་མོང་མ་ཡིན་པའི་གླུ་གར་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། བོད་པའི་གཞས་པ་གཞས་མ་རྣམས་ལ་གླུ་གར་སྒྱུ་རྩལ་གྱི་དྲ་རྒྱའི་སྟེགས་བུ་ཞིག་སྐྲུན་རྒྱུ་དང་། རྒྱ་ཆེའི་དྲ་གྲོགས་ཡོངས་ཀྱི་གླུ་གཞས་ཉན་འདོད་ཀྱི་རེ་བ་སྐོང་ཆེད། རང་དབང་གི་གར་སྟེགས་ཤིག་གསར་དུ་ཇུས་འགོད་དང་སྒྲིག་བཟོ་བྱས་ནས་ད་ལམ་ཤར་གཏོང་བྱས་ཡོད། འདིར་སྤེལ་བའི་གཞས་ཡོད་ཚད་རྩིས་འཁོར་དང་ལག་ཁྱེར་ཁ་པརAndroidམ་ལག་ཅན་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལས་ཐད་ཀར་ཉན་ཐུབ།    ནང་དོན་གྱི་ཆ་ནས་དམངས་གླུ་དང་རྡུང་ལེན། དེང་གཞས། རྩེད་རིག སྐོར་བྲོ། ལ་གཞས། འཇམ་སྙན་རོལ་དབྱངས། གླུ་ཤགས། ཆོས་ལུགས་རོལ་དབྱངས། གླིང་སྒྲུང་། ཁ་ཤགས་དང་བཞད་གར། རོལ་ཆ་ངོ་སྤྲོད་དང་། གཞས་པ་གཞས་མ་ངོ་སྤྲོད། རིག་རྩལ་འཕྲིན་གསར་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། མི་འགྱངས་པར་བརྙན་རིས་སྦྱར་བའི་གཞས(MV)གསར་ཤོས་སྤེལ་སའི་ལེ་ཚན་ཞིག་ཀྱང་ཁ་སྣོན་བྱ་རྒྱུ་ཡིན། དེ་སྔ་ངེད་དྲ་བའི་སྟེང་སྤེལ་བའི་གླུ་གཞས་དང་། གཞས་པ་གཞས་མའི་ངོ་སྤྲོད་ཀྱི་སྐོར་མང་ཆེ་ཤོས་དྲ་སྟེང་ནས་འཚོལ་བསྡུ་བྱས་པ་ཡིན་པས། ནོར་སྐྱོན་དང་ཆད་ལྷག་ཅི་ནས་ཀྱང་ཡོད་སྲིད་པས། གཞས་པ་དག་གི་ཡིག་ཚགས་ཆ་ཚང་ཡོང་བ་དང་གླུ་གཞས་ཀྱི་པར་དབང་ལ་བརྩི་མཐོང་བྱེད་པ། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་དམིགས་ནས་གཤམ་དུ་རེ་འདུན་འགའ་བཏོན་པ་སྟེ།

གཅིག  ངེད་དྲ་བའི་རོལ་མོ་ལེ་ཚན་དུ་རང་ཉིད་ཀྱི་གནས་ཚུལ་སྤེལ་འདོད་མཁན་གྱི་གླུ་བ་གླུ་མ་རྣམས་ཀྱིས་རང་གི་འདྲ་པར་རེ་འགའ་དང་སྒྱུ་རྩལ་འཚོལ་སྙེགས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་བསྐུར་རྒྱུ།

གཉིས། གཞས་བསྐུར་ཡུལ།

本巴加的微信:bumpagyal

གླུ་དང་རྡུང་ལེན་སོགས་རང་ཉིད་ཀྱི་བརྩམས་ཆོས་གང་ཡིན་དྲ་སྟེང་གི་ཡིག་ཟམ(tibet3@126.com)དང་། སྦྲག་སྲིད་གང་རུང་བརྒྱུད་དེ་བསྐུར་ཆོག  གལ་ཏེ་གཞས་ཀྱི་རྣམ་པmp3དངwmaསོགས་སྒྲ་རྐྱང་གི་རྣམ་པ་ཅན་ཡིན་ན་གཞས་མིང་གསལ་བོར་བྲིས་དེ་བསྐུར་རྒྱུ་དང་། ཆེད་སྒྲིག་འོད་སྡེར་ཡིན་ན་ཕྱི་ཐུམ་གྱི་འདྲ་པར་ཀྱང་བསྐུར་དགོས། སྦྲག་སྲིད་བརྒྱུད་དེ་བསྐུར་ཚེ་གཤམ་གྱི་སྡོད་གནས་ལྟར་བསྐུར་ཆོག

地址:青海省西宁市长江路5号 中国藏族网通
邮编:810000
收件人:中国藏族网通音视频道编辑部

གསུམ། རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱིས་རིག་རྩལ་སྐོར་གྱི་གསར་འགྱུར་སྐབས་ཐོག་ཏུ་གོང་གསལ་གྱི་འབྲེལ་གཏུགས་བྱེད་ཐབས་བརྒྱུད་དེ་ང་ཚོར་བསྐུར་ཆོག  གཞན་དུ། ངེད་དྲ་བའི་རོལ་མོ་ལེ་ཚན་ནི་རང་དབང་གི་གར་སྟེགས་ཤིག་ཡིན་པས་རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱིས་གང་ལ་གང་འཚམས་ཀྱི་ནང་དོན་བསྐུར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པར་ངོས་ཇུས་འགོད་དང་ནང་དོན་གྱི་ཆ་གང་རུང་ལ་བསམ་འཆར་ལྷུགས་བསྩོལ་གནང་རྒྱུ་མཁྱེན་མཁྱེན།   །

ཀྲུང་གོ་བོད་ཀྱི་དྲ་བའི་རོལ་མོ་རྩོམ་སྒྲིག་ཁང་ནས།
2017ལོའི་ཟླ7པའི་ཚེས7ཉིན།