གྲོགས་པོ།

གྲོགས་པོ།ཉན་ཐེངས།

སྟག་སེང་ཐར།

ངོ་སྤྲོད།དགུ་བཅུའི་སྟོད་ཀྱི་སྒྲ་སྙན་རྡུང་ལེན་གྲགས་ཅན་གྱི་གླུ་ཚིག་འཚོལ་སྒྲིག ༼དང་པོ།༽

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

༡ ཟླ་བ་དང་པོའི་ཚེས་བཅོ་ལྔ།

ཨེ་མ་ལྷ་རྒྱལ་ལོ།
ཟླ་བ་དང་པོའི་ཚེས་བ་བཅོ་ལྔ།། ཨེ་མ་ལྷ་རྒྱལ་ལོ།
རྒྱལ་རྩེ་མ་ལ་གཅིག་ཆ། གཉིས་ཆ། བདེ་མོ་གཅིག་དང་གསུམ།
གསུམ་དེ་དཀོན་མཆོག འོད་ཟེར་དུང་ལས་དཀར་སོང་། ཨེ་མ་ལྷ་རྒྱལ་བསྭོ།
ལྷ་ས་གཅིག་ཆ། རྒྱང་རྩེ་གཉིས་ཆ། བུ་མོ་གསུམ་ཆ།
གསུམ་དེ་དཀོན་མཆོག་ལ་ཨོ།

ཨེ་མ་ལྷ་རྒྱལ་ལོ།
ཆུང་འདྲིས་རོགས་ཀྱི་བསམ་པ། ཨེ་མ་ལྷ་རྒྱལ་ལོ།
རྒྱལ་རྩེ་མ་ལ་གཅིག་ཆ། གཉིས་ཆ། བདེ་མོ་གཅིག་དང་གསུམ།
གསུམ་དེ་དཀོན་མཆོག དེ་ལས་ལྷག་ཅིག་དཀར་འདུག ཨེ་མ་ལྷ་རྒྱལ་ལོ།
ལྷ་ས་གཅིག་ཆ། རྒྱང་རྩེ་གཉིས་ཆ། བུ་མོ་གསུམ་ཆ།
གསུམ་དེ་དཀོན་མཆོག་ལ་ཨོ།


༢ ལྷག་བསམ།

ཐོས་ལ་བརྩོན་ལ་མཁས་པའི་འཇུག་སྒོ།
རང་རྒྱུད་འདུལ་བ་ཆོས་པའི་ཉམས་ལེན།།
དམངས་ལ་བྱམས་པ་དཔོན་པོའི་ལས་འགན།།
འདི་གསུམ་སྙིང་གི་དཀྱིལ་དུ་ཆོངས་ཤིག

སྐད་ཡིག་རྒྱུད་འཛིན་ལ་རྒྱའི་དོན་སྙིང་།།
དགེ་རྒན་བཀུར་བ་སློབ་མའི་གུས་སྤྱོད།།
གངས་ལྗོངས་འཛུགས་སྐྲུན་བོད་མིའི་རེ་སྨོན།།
འདི་གསུམ་སྙིང་གི་དཀྱིལ་དུ་ཆོངས་ཤིག

རིག་གནས་སློབ་པ་གཞོན་ནུའི་ཆེད་ལས།།
རྒན་གཞོན་བརྩི་བཀུར་ཡུལ་དུས་བདེ་སྐྱིད།།
གཞན་ལ་བརྩེ་བ་དམ་པའི་ལུགས་བཟང་།།
འདི་གསུམ་སྙིང་གི་དཀྱིལ་དུ་ཆོངས་ཤིག

རྨོངས་དད་བྱེད་པ་ཆོས་པའི་ཞབས་འདྲེན།།
རྩྭ་ས་རྩོད་གླེང་སྤུན་ཟླའི་དགྲ་བོ།།
རྙིང་ཞེན་ཆེ་བ་མདུན་མའི་བཀག་རྡོ།།
འདི་གསུམ་སྙིང་གི་དཀྱིལ་ནས་དོར་ཤིག


༣ སེམས་པ་བུ་མོར་ཕུལ་ཆོག
ཚིག དཔལ་འབུམ་རྒྱལ།

ཀྱག་ཀྱོག་ལམ་སྣེ་དེ་རུ།། གྱེས་བྲལ་མིག་ཆུ་བརྡོལ་བྱུང་།།
ཆུང་འདྲིས་ཡིད་མཐུན་གྲོགས་མཆོག ། མིག་ཆུ་འགོག་ཐབས་ཨེ་འདུག །
སོ་ཧོ་ཧོ། མིག་ཆུ་འགོག་ཐབས་ཨེ་འདུག ། ང་ཡི་སེམས་པ་བརླན་སོང་།།

མཐིང་མདོག་མཁའ་མཐའ་དེ་རུ།། མཐིང་མདོག་རྨི་ལམ་ལུས་ཡོད།།
ཆུང་འདྲིས་ཡིད་མཐུན་གྲོགས་མཆོག ། ཡིད་ཆེས་འཛུམ་ཟེར་གནོངས་དང་།།
སོ་ཧོ་ཧོ། ཡིད་ཆེས་འཛུམ་ཟེར་གནོངས་དང་།། ཁུ་བྱུག་ང་རང་བྱོས་ཆོག།

ཨེ་མ་རྒྱང་རིང་མཛའ་མོ།། དྲན་པའི་འཕྲིན་པ་ཐོན་དང་།།
ཁེར་རྐྱང་བུ་ཆུང་ང་ཡི།། དྲང་བདེན་སེམས་པ་དཀར་པོ།།
སོ་ཧོ་ཧོ། དྲང་བདེན་སེམས་པ་དཀར་པོ།། བུ་མོ་ཁྱོད་ལ་ཕུལ་ཆོག །


༤ ཕ་ཡུལ།

གཉན་སྲས་དུང་སྐྱོང་དཀར་པོ།། དངུལ་གྱི་མཆོད་རྟེན་བཞེངས་འདྲ།།
འདོ་རིགས་རྟ་བོ་ཕ་ས།། ང་ཡི་ཕ་ཡུལ་དྲན་སོང་།།

སྨིན་མོས་གསེར་འདུས་མཐོན་པོ།། རྩེ་མོ་སྤྲིན་དང་འདྲེས་ཡོད།།
གཡང་དཀར་ལུག་གི་ཕ་ས།། ང་ཡི་ཕ་ཡུལ་དྲན་སོང།།

སྒོ་ན་བྱུ་རུའི་མཆོད་རྟེན།། གནས་མཆོག་ས་ཡི་རྒྱན་ཆ།།
ཐོད་དཀར་འབྲི་མོའི་ཕ་ས།། ང་ཡི་ཕ་ཡུལ་དྲན་སོང།།

གྱི་གང་བླ་བྲག་དཀར་པོ།། རིན་ཆེན་གཏེར་གྱི་བང་མཛོད།།
འབྱོར་ཕྱུག་མཚོ་མོ་འཁྱིལ་ས།། ང་ཡི་ཕ་ཡུལ་དྲན་སོང་།།

མདོ་ཁམས་རི་རྒྱུད་ཕྱུག་མོ།། ཤེལ་གྱི་རྒྱལ་མཚན་བསྒྲེངས་འདྲ།།
ཤྭ་དང་དགོ་བས་རྩེད་ར།། ང་ཡི་ཕ་ཡུལ་དྲན་སོང་།།


༥ ཨེ་མ། སྨན་ཆུང་སྒྲོལ་མ།
ཚིག བཀྲ་བྷ།

ཨེ་མ་སྨན་ཆུང་སྒྲོལ་མ།། སྐུ་ལུས་ཚུགས་དྲུག་སྨྱུག་མ།།
ཞལ་གསུང་རྡོ་རྗེ་མགུར་མ།། ཁྱེད་ཀྱི་འཇིག་རྟེན་སྣང་བ།།
བདག་ལ་གནང་རྒྱུ་བྱུང་ན།། ནོར་བུ་དགོས་འདོད་ཀུན་འབྱུང་།།
ཐོབ་པ་དང་ནི་ཁྱད་མེད།།

ཨེ་མ་སྨན་ཆུང་སྒྲོལ་མ།། སྤྱན་ཟུང་སྐར་ཆེན་ཤར་འདྲ།།
དུང་སོ་མུ་ཏིག་སྟར་འདྲ།། གཞིས་ཆུང་ཁྲ་མོ་ཁྱིམ་ལ།།
ཁྱེད་ཉིད་ཕེབས་རྒྱུ་བྱུང་ན།། ཚེ་གཅིག་ལུས་གཅིག་ཉིད་ལ།།
ལྷ་ལས་ཐོབ་པ་ཁྱད་མེད།།


༦ བུ་ཆུང་བསམ་དོན་འགྲུབ་སོང་།
ཚིག ཚེ་རིང་བཀྲ་ཤིས།

རྨ་རྒྱལ་གངས་རིའི་འདབས་སུ།།
ནོར་ལུག་འཕེལ་ཁ་དར་སོང་།།
བུ་ཆུང་ང་ཡི་བསམ་དོན།།
གནས་མཆོག་དེ་རུ་འགྲུབ་སོང་།།

རྨ་ཀླུང་ཕྱུག་མོ་འགྲམ་དུ།།
འབྲུ་རིགས་སྣ་ལྔ་འཁྲུངས་སོང་།།
བུ་ཆུང་ང་ཡི་བསམ་དོན།།
གནས་མཆོག་དེ་རུ་འགྲུབ་སོང་།།

མ་ཡུམ་སློབ་གྲྭའི་གླིང་དུ།།
རིག་པའི་གནས་ལ་བརྩོན་སོང་།།
བུ་ཆུང་ང་ཡི་བསམ་དོན།།
གནས་མཆོག་དེ་རུ་འགྲུབ་སོང་།།


༧ བོད་ཀྱི་ཕ་ས།
ཚིག གསེར་གཞུང་།

གངས་དཀར་པོ་བཀྲ་ཤིས་རྟགས་བརྒྱད་རེད།།
བཀྲ་ཤིས་པའི་གཡང་དྲུང་རང་འཁྱིལ་རེད།།
འདི་གངས་ཅན་བོད་ཀྱི་བླ་རི།།
འདིའི་རྩེ་མོ་ཨ་སྔོན་དགུང་ལ་ཟུག །

མཚོ་སྔོན་པོ་གཡུ་དར་མེ་ལོང་རེད།།
གཡུ་མེ་ལོང་རི་མོ་རང་འཛོམས་རེད།།
འདི་གངས་ཅན་བོད་ཀྱི་བླ་མཚོ་རེད།།
འདིའི་རྦ་རླབས་རྒྱ་མཚོའི་མཐའ་ནས་མཆེད།།

དབུས་ལྷ་ས་གསེར་གྱི་ཉི་མ་རེད།།
གསེར་ཉི་མ་འོད་ཟེར་རང་འབར་རེད།།
འདི་གངས་ཅན་བོད་ཀྱི་ཕ་ས་རེད།།
འདིའི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།།


༨ ཟླ་བ།

མཛེས་བའི་བཞིན་རས་དཀར་པོ།།
ནུབ་རིའི་ཕག་ལ་ཡིབ་སོང་།།
བསིལ་བའི་ཟེགས་མ་སྣུམ་པོ།།
ནམ་མཁའི་དབྱིངས་ལ་འཐིམ་སོང་།།

ཟླ་བ་ཟླ་བ་མ་ཟེར།།
ཟླ་བ་ཐུགས་ཁག་མི་འདུག །
ཟླ་བའི་དཀྱིལ་འཁོར་རྫོགས་དུས།།
ཟླ་གཅན་གཟའ་ལ་སྐྲག་འདུག །

མཛེས་བའི་འཛུམ་མདངས་དཀར་པོ།།
སྐྱོ་བའི་གཉེར་མའི་རྒས་སོང་།།
སྙན་པའི་དགོད་སྒྲ་ལྷང་ལྷང་།།
གར་སོང་ཆ་རྒྱུས་མ་བྱུང།།

ཆུང་འདྲིས་ཆུང་འདྲིས་མ་ཟེར།།
ཆུང་འདྲིས་ཐུག་ཐབས་མི་འདུག །
ཆུང་འདྲིས་བརྩེ་སེམས་བརྗེད་ནས།།
སྡེ་ཆེན་མི་ཁར་སྐྲག་འདུག །

༩ གདམས་པ།
ཚིག ཕག་མོ།

ང་ཐང་དཀར་རྒོད་པོའི་གཤོག་འོག་ནས།། ཁྱོད་རྒོད་ཕྲུག་གཤོག་རྩེ་འདར་ར་ར།།
དགོང་སྔོན་པོ་རིག་སྟེ་འཕུར་ལ་ཁད།། ང་རྒོད་པོ་བསམ་ནས་འདུག་ལ་ཁད།།
འདུག་མི་དགོས་རྒོད་ཕྲུག་འཕུར་རྒྱུ་གྱིས།།

དགུང་སྔོན་པོ་བང་རིམ་མ་གཏད་ན།། སྟོད་རི་རྒྱལ་དཀྱིས་གསུམ་མ་རྒྱབ་ན།།
རླུང་སྤུ་གྲིའི་སོ་ཁ་མ་བརྡར་ན།། ཁྱོད་རྒོད་པོ་སྐྱེས་དང་མ་སྐྱེས་མེད།།

འཕུར་འཕུར་སྟེ་གནས་ཤིག་མ་བརྙེད་ན།། གནོངས་མི་དགོས་རྒོད་ཕྲུག་ཕྱིར་ལ་ཤོག །
ངའི་གཤོག་འདབ་སྔར་བཞིན་ཁྱོད་ལ་དབང་།། ཁྱོད་སྔར་བཞིན་ང་ཡི་རྒོད་ཕྲུག་ཡིན།།

ང་འཇིག་རྟེན་རྒན་པོའི་མཐུ་འོག་ནས།། ཁྱོད་བུ་ཕྲུག་གཉོམ་ལག་རྒྱས་དུས་ན།།
ཕྱིར་སློབ་གྲྭ་གཏོང་དུས་རྒྱུགས་ལ་ཁད།། ང་ཕ་རྒན་བསམ་ནས་འདུག་ལ་ཁད།།
འདུག་མི་དགོས་བུ་ཕྲུག་འགྲོ་གྲལ་གྱིས།།

དེང་རིག་གནས་ལག་རྩལ་མ་བསླབ་ན།། ཕྱི་འཇིག་རྟེན་ལྟན་མོ་མ་རིག་ན།།
གནས་ལྔ་འབྱོར་དབྱེ་བ་མ་བཀར་ན།། ཁྱོད་བུ་ཕྲུག་རྫོགས་དང་ཁྱད་པར་མེད།།

བསླབ་བསླབ་ནས་དམིགས་གཞི་མ་ལོན་ན།། གནོངས་མི་དགོས་བུ་ཕྲུག་ཕྱིར་ལ་ཤོག།
ང་སྔར་བཞིན་ཁྱོད་ཀྱི་རྒྱབ་རི་ཡིན།། ཁྱོད་སྔར་བཞིན་ང་ཡི་གྲོགས་ཤིང་ཡིན།།


༡༠ ཐུགས་དལ་མོ་བྱོས་དང་ཡུན་གྱིས་རྩེད།

གླུ་ལེན་ཁུ་བྱུག་གྲགས་གྲགས་བྱོས།།
བྱ་ཁུ་བྱུག་སྐད་སྙན་འཕྲིན་བཟང་རེད།།
འདི་གྲགས་དུས་དབྱར་ཟླ་ཚེས་ནི་རེད།།
སྤང་མེ་ཏོག་བཀད་ན་འཇིག་རྟེན་སྐྱིད།།

གར་རྩེད་ན་རྨ་བྱ་རྩེད་རྩེད་བྱོས།།
བྱ་རྨ་བྱའི་ཡན་ན་གཤོག་མཛེས་མེད།།
རྨ་བྱ་ཡིས་སྒྲོ་གུར་ཕུབ་དང་ནས།།
མ་སེམས་ཅན་སྣང་བ་ཇེ་སྐྱིད་རེད།།

ཡུལ་བཟའ་བས་ཤ་མར་ཐུད་གསུམ་ནི།།
འདི་ཁ་བ་ཅན་གྱི་ཟས་མཆོག་རེད།།
ཁྱིམ་འདི་འཚོགས་འཛོམས་པའི་ན་ཟླ་ཚོ།།
ཐུགས་དལ་མོ་བྱོས་དང་ཡུན་གྱི་རྩེད།།


༡༡ དྲིན་ལན་མཇལ་ཐབས་མེད།
ཚིག རྒྱལ་སྲས།

སྟོད་རི་སྡེ་ཁྲ་མོ་ནང་ཤེད་ན།།
སྡེ་གཡང་བཅུད་ཆགས་པའི་དཀྱིལ་དབུས་ན།།
དྲིན་བརྩེ་བའི་ཕ་ལོ་ཉི་མ་འདྲ།།
དགུང་ཉི་མར་དྲིན་ལན་འཇལ་ཐབས་མེད།།

གྲོང་དགེ་མཚན་འཛོམས་པའི་ལྟེ་བ་ན།།
གན་ཁྱིམ་ཚང་དྲོད་མོའི་ནང་འཁོར་ན།།
བྱམས་སྙིང་རྗེ་མ་ལོ་ཟླ་བ་འདྲ།།
དགུང་ཟླ་བར་དྲིན་ལན་འཇལ་ཐབས་མེད།།

སྨད་རྨ་འབྲི་བཞུར་བའི་ཡུལ་ཕྱོགས་ན།།
ནང་སྤུན་ཟླ་བརྩི་བཀུར་ཆེ་ས་ན།།
དྲིན་བཟའ་ཕོའི་ཕ་མ་རྒྱ་མཚོ་འདྲ།།
ཆུ་རྒྱ་མཚོར་དྲིན་ལན་འཇལ་ཐབས་མེད།།


༡༢ གྲོགས་པོ།
ཚིག ཞི་བདེ་ཉི་མ།

ཁྱོས་ཁ་བཏགས་བཟུང་སྟེ་ཤར་ནས་ཡོང་།།
ངས་མཆོད་ཆང་བཏེགས་ཏེ་ལྷོ་ནས་ཡོང་།།
གྲོགས་འུ་གཉིས་རྟེན་འབྲེལ་ཆ་འགྲིག་རེད།།
ལས་བསོད་ནམས་ཡོད་ན་ཡང་ན་འགྲིག་རེད།།

ཁྱོས་གླུ་དབྱངས་ལེན་བཞིན་ཤར་ནས་ཡོང་།།
ངས་ཞབས་བྲོ་རྩེད་བཞིན་ལྷོ་ནས་ཡོང་།།
གྲོགས་འུ་གཉིས་བསོད་ནམས་རང་འགྲུབ་རེད།།
ནང་མཐུན་སྒྲིལ་ཡོང་ན་ཡང་འགྲུག་རེད།།

ཁྱོད་དགོད་སྒྲ་ལྷང་ལྷང་ཤར་ནས་ཡོང་།།
ང་འཛུམ་མདངས་ཤིག་ཤིག་ལྷོ་ནས་ཡོང་།།
གྲོགས་འུ་གཉིས་ཡིད་སེམས་རང་འགྲིག་རེད།།
གྲོགས་ལ་རྒྱ་རྩིས་ན་ཡང་འགྲུབ་རེད།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com