ཕ་ཡུལ།ཉན་ཐེངས།
འཇམ་དབྱངས་རྒྱ་མཚོ།
ངོ་སྤྲོད།གཞས་པ་འཇམ་དབྱངས་རྒྱ་མཚོའི༢༠༢༠ལོའི་རྐྱང་གཞས་གསར་བ།
སྐད་རིགས།བོད་སྐད།
རིགས་གྲས།དེང་གཞས།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
ཕ་ཡུལ།
གཞས་ཚིག འཇིགས་མེད་ནུབ་པ།
ཡབ་ཆེན་ཞིག་གིས་ཁྱེད་ཀྱི་རི་སྒང་ལ་དཔའ་དར་འཐེན་ཡོད་།
དཔའ་དར་དེ་ལ་འགོག་མེད་སྙིང་སྟོབས་འཁྲུངས་ཡོད་།
སྙིང་སྟོབས་དེ་ཡིས་ཁྱོད་ཀྱི་ལ་རྒྱ་སྲུང་ཡོད།
ཁྱོད་ཀྱི་བློ་སྤོབས་ཉར་ཡོད།
ཕ་ཡུལ། ཡབ་ཆེན་གྱིས་དཔའ་རྟགས་བཞག་མྱོང་སའི་ཕ་ཡུལ།
ཡུམ་ཆེན་ཞིག་གིས་ཁྱེད་ཀྱི་རྩྭ་ཐང་ལ་བྱམས་བརྩེ་གཏོར་ཡོད་།
བྱམས་བརྩེ་དེ་ལ་བཅོས་མིན་བརྩེ་སེམས་འཁྱིལ་ཡོད་།
བརྩེ་སེམས་དེ་ཡིས་ཁྱོད་ཀྱི་གཤིས་ཀ་བརླན་ཡོད་།
ཁྱོད་ཀྱི་མི་གཞི་སྲུང་ཡོད་།
ཕ་ཡུལ། ཡུམ་ཆེན་གྱིས་བྱམས་བརྩེ་སྒོམ་མྱོང་སའི་ཕ་ཡུལ།
ཕ་ཡུལ། ཡབ་ཆེན་གྱི་མིག་ཟུང་ལ་ཐོགས་པའི་ཕ་ཡུལ།
ཕ་ཡུལ། ཡུམ་ཆེན་གྱི་རྒས་གཉེར་ལ་འཐིམས་པའི་ཕ་ཡུལ།