
ཇ་གླུཉན་ཐེངས།
རིན་ཆེན་སྒྲོལ་མ།
ངོ་སྤྲོད།ཚིག འབྲུག་ལྷ་རྒྱལ། དབྱངས། ཨ་ཁུ་དུང་བརྩེ། ལེན་མཁན། རིན་ཆེན་སྒྲོལ་མ། སྒྲ་ལེན་པ། ཞབས་འབྲུག་གྲགས།
སྐད་རིགས།བོད་སྐད།
རིགས་གྲས།དེང་གཞས།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
ཇ་གླུ།
ཚིག འབྲུག་ལྷ་རྒྱལ།
དབྱངས། ཨ་ཁུ་དུང་བརྩེ།
ལེན་མཁན། རིན་ཆེན་སྒྲོལ་མ།
སྒྲ་ལེན་པ། ཞབས་འབྲུག་གྲགས།
རི་སྲིན་པོ་རྫ་ཡི་འདབས་རོལ་ན།
ཆོས་བསྟན་པའི་མེ་རོ་གསོ་ས་ན།
ཇ་ཡུ་དམར་འདབ་ལོ་ལྡེམ་མེར་ཡོད།
བོད་སྒང་པའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
དྲི་ཞིམ་པོ་བར་སྣང་ཁམས་ལ་མཆེད།
སེམས་སྣང་བ་སྐྱིད་པའི་གཞི་ལ་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།
ཆུ་རྨ་ཀླུང་སྔོན་མོའི་ཁུགས་སོ་ན།
མདའ་ལི་མའི་མཐེབ་རྩལ་འགྲན་ས་ན།
ཇ་མི་གཅིག་ཇ་རིགས་བརྒྱ་སྟོང་ཡོད།
བོད་སྒང་བའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
ལུས་འབྱུང་གཞིའི་ཁམས་ལ་དྲོད་ཅིག་ལྷུང་།
ཁོག་དོན་ལྔ་སྣོད་དྲུག་བདེ་དགས་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།
ཚིག འབྲུག་ལྷ་རྒྱལ།
དབྱངས། ཨ་ཁུ་དུང་བརྩེ།
ལེན་མཁན། རིན་ཆེན་སྒྲོལ་མ།
སྒྲ་ལེན་པ། ཞབས་འབྲུག་གྲགས།
རི་སྲིན་པོ་རྫ་ཡི་འདབས་རོལ་ན།
ཆོས་བསྟན་པའི་མེ་རོ་གསོ་ས་ན།
ཇ་ཡུ་དམར་འདབ་ལོ་ལྡེམ་མེར་ཡོད།
བོད་སྒང་པའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
དྲི་ཞིམ་པོ་བར་སྣང་ཁམས་ལ་མཆེད།
སེམས་སྣང་བ་སྐྱིད་པའི་གཞི་ལ་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།
ཆུ་རྨ་ཀླུང་སྔོན་མོའི་ཁུགས་སོ་ན།
མདའ་ལི་མའི་མཐེབ་རྩལ་འགྲན་ས་ན།
ཇ་མི་གཅིག་ཇ་རིགས་བརྒྱ་སྟོང་ཡོད།
བོད་སྒང་བའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
ལུས་འབྱུང་གཞིའི་ཁམས་ལ་དྲོད་ཅིག་ལྷུང་།
ཁོག་དོན་ལྔ་སྣོད་དྲུག་བདེ་དགས་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།