ཕ་ཡུལ་གྱི་དུས་བཞི།

ཕ་ཡུལ་གྱི་དུས་བཞི།ཉན་ཐེངས།

རིན་ཆེན་མཚོ།

སྤེལ་དུས།2019-12-05 11:05:59

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ཕ་ཡུལ་གྱི་དུས་བཞི།
ཚིག མེ་སྤྲེའུ།
དབྱངས། རྟ་མགྲིན་ཚེ་རིང་།
གཞས་མ། རིན་ཆེན་མཚོ།

དཔྱིད་གསུམ་ཁྲ་བོ་ཁྲ་བོ།།
གཟི་ཡི་ཁྲ་རྒྱན་འདྲ་བྱུང་།།
ལས་དབང་ཁྲ་ཁྲ་ཞིག་ལ།།
འགྲོ་བའི་ལམ་ཁ་བསྟན་བྱུང་།།

དབྱར་གསུམ་ལྗང་གུ་ལྗང་གུ།།
གཡུ་ཡི་མནྜལ་འདྲ་བྱུང་།།
མཚོ་དེ་གཡུ་ཡི་མེ་ལོང་།།
བུ་མོའི་སྐྱེ་གཟུགས་ཤར་བྱུང་།།

སྟོན་གསུམ་སེར་པོ་སེར་པོ།།
གསེར་གྱི་ཅོད་པན་འདྲ་བྱུང་།།
བླ་མ་བོད་ཀྱི་ཅོད་པན།།
བུ་མོས་དཔྲལ་བའི་བཏེགས་ཡོད།།

དགུན་གསུམ་དཀར་པོ་དཀར་པོ།།
དངུལ་གྱི་མཆོད་རྟེན་འདྲ་བྱུང་།།
བསྐོར་བ་ཡག་པོ་བརྒྱབ་པས།།
ངན་འགྲོའི་ལམ་ཁ་བཀག་བྱུང་།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com