
གནས་འགྲོ་སྲིང་ཆུང་།ཉན་ཐེངས།
མགོན་ཐར་རྒྱལ།
ངོ་སྤྲོད།ཚིག་རྩོམ་མཁན། འབའ་ཐང་བ་ཡེ་ཤེས་ཆོས་འཛིན། དབྱངས་རྩོམ་མཁན། གངས་མགོན་རྒྱལ། ལེན་མཁན། མགོན་ཐར་རྒྱལ།
སྐད་རིགས།བོད་སྐད།
རིགས་གྲས།དེང་གཞས།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
གནས་འགྲོ་སྲིང་ཆུང་།
ཚིག་རྩོམ་མཁན། འབའ་ཐང་བ་ཡེ་ཤེས་ཆོས་འཛིན།
དབྱངས་རྩོམ་མཁན། གངས་མགོན་རྒྱལ།
ལེན་མཁན། མགོན་ཐར་རྒྱལ།
དཔྲལ་བའི་མིག་ཟུང་མཛེས་མཛེས།།
བཞིན་གྱི་འཛུམ་ཤ་ལྷུག་ལྷུག།
གནས་ཡུལ་འགྲིམ་པའི་སྲིང་ཆུང་།
ཚེ་རིང་ལྷ་ཡིས་སྲུང་ཤོག
ཚེ་ལ་ཚེ་གཡང་འཁོར་ཤོག
ཁྱིམ་ལ་བྱ་གཡང་འཁོར་ཤོག
ཚིག་རི་རྒྱལ་འདྲ་ཟིག་བརྟན་ཤོག
དོན་ཉི་མ་འདྲ་ཟིག་གསལ་ཤོག
གནས་འཁོར་བའི་བདག་མོ་ཟིན་ཤོག
ཁྱིམ་གྲུ་བཞིའི་ནང་ནོམ་ཉན་ཤོག
འཛུམ་པའི་མིག་ཟུང་དགོད་དགོད།།
སྤྲོ་བའི་དགོད་སྒྲ་སང་སིང་།
སྲིད་པའི་སྲོལ་ལ་ཆགས་པའི།།
སྲིང་ཆུང་གནས་ལ་འགྲོ་དགོས།།
རྒྱས་ལ་མངའ་ཐང་རྒྱས་ཤོག
དར་ལ་རླུང་རྟ་དར་ཤོག
སེམས་མེ་ཏོག་འདྲ་ཟིག་མཛེས་ཤོག
ལུས་གཡུ་སྦྲང་འདྲ་ཟིག་འཁོར་ཤོག
ངའི་སྲིང་ཆུང་གནས་ལམ་ཡག་ཤོག
ལས་ཅི་བྱས་དོན་མཐའ་འཁྱོངས་ཤོག
ཚིག་རྩོམ་མཁན། འབའ་ཐང་བ་ཡེ་ཤེས་ཆོས་འཛིན།
དབྱངས་རྩོམ་མཁན། གངས་མགོན་རྒྱལ།
ལེན་མཁན། མགོན་ཐར་རྒྱལ།
དཔྲལ་བའི་མིག་ཟུང་མཛེས་མཛེས།།
བཞིན་གྱི་འཛུམ་ཤ་ལྷུག་ལྷུག།
གནས་ཡུལ་འགྲིམ་པའི་སྲིང་ཆུང་།
ཚེ་རིང་ལྷ་ཡིས་སྲུང་ཤོག
ཚེ་ལ་ཚེ་གཡང་འཁོར་ཤོག
ཁྱིམ་ལ་བྱ་གཡང་འཁོར་ཤོག
ཚིག་རི་རྒྱལ་འདྲ་ཟིག་བརྟན་ཤོག
དོན་ཉི་མ་འདྲ་ཟིག་གསལ་ཤོག
གནས་འཁོར་བའི་བདག་མོ་ཟིན་ཤོག
ཁྱིམ་གྲུ་བཞིའི་ནང་ནོམ་ཉན་ཤོག
འཛུམ་པའི་མིག་ཟུང་དགོད་དགོད།།
སྤྲོ་བའི་དགོད་སྒྲ་སང་སིང་།
སྲིད་པའི་སྲོལ་ལ་ཆགས་པའི།།
སྲིང་ཆུང་གནས་ལ་འགྲོ་དགོས།།
རྒྱས་ལ་མངའ་ཐང་རྒྱས་ཤོག
དར་ལ་རླུང་རྟ་དར་ཤོག
སེམས་མེ་ཏོག་འདྲ་ཟིག་མཛེས་ཤོག
ལུས་གཡུ་སྦྲང་འདྲ་ཟིག་འཁོར་ཤོག
ངའི་སྲིང་ཆུང་གནས་ལམ་ཡག་ཤོག
ལས་ཅི་བྱས་དོན་མཐའ་འཁྱོངས་ཤོག