
རི་སུལ་བྲག་ཐེམ།ཉན་ཐེངས།
རྨ་ཆུའི་བསམ་གཏན།
སྤེལ་དུས།2019-03-26 22:16:13
སྐད་རིགས།བོད་སྐད།
རིགས་གྲས།རྡུང་ལེན།
Update Required
To play the media you will need to either update your browser to a recent version or update your Flash plugin.
གཞས་ཚིག
རི་སུལ་བྲག་ཐེམ།
དབྱངས་ཚིག རྨ་ཆུའི་བསམ་གཏན།
རྡུང་ལེན་པ། རྨ་ཆུའི་བསམ་གཏན།
རོལ་མོ་རམ་འདེགས་པ། ཆོས་རྒྱ་མཚོ།
བྲག་དེ་རྡོ་རྗེ་བྲག་ཡིན།།
སྒོམ་ཆེན་བྱ་རྒྱལ་རྒོད་པོ།།
བཞུགས་པ་ཚེ་གཅིག་དད་པ།།
གཏན་དུ་བྲག་ལ་བཞུགས་ཡོད།།
བྱ་དེ་ཁུག་རྟ་ནག་ཆུང་།།
རྒྱང་རིང་ནུབ་ནས་ཕེབས་ལེགས།།
རི་སུལ་བྲག་ཐེམ་དེ་རུ།།
ཞག་གཅིག་ངལ་གསོ་གནང་དང་།།
ང་ཡི་རྨི་ལམ་ལྷ་མོས།།
འཛུམ་ཆུང་གར་སྟབས་སྒྱུར་བཞིན།།
གསེར་གྱི་བུམ་པ་བཟུང་ནས།།
ཞིམ་མངར་བདུད་རྩི་དྲངས་ཡོང་།།
དབྱངས་ཚིག རྨ་ཆུའི་བསམ་གཏན།
རྡུང་ལེན་པ། རྨ་ཆུའི་བསམ་གཏན།
རོལ་མོ་རམ་འདེགས་པ། ཆོས་རྒྱ་མཚོ།
བྲག་དེ་རྡོ་རྗེ་བྲག་ཡིན།།
སྒོམ་ཆེན་བྱ་རྒྱལ་རྒོད་པོ།།
བཞུགས་པ་ཚེ་གཅིག་དད་པ།།
གཏན་དུ་བྲག་ལ་བཞུགས་ཡོད།།
བྱ་དེ་ཁུག་རྟ་ནག་ཆུང་།།
རྒྱང་རིང་ནུབ་ནས་ཕེབས་ལེགས།།
རི་སུལ་བྲག་ཐེམ་དེ་རུ།།
ཞག་གཅིག་ངལ་གསོ་གནང་དང་།།
ང་ཡི་རྨི་ལམ་ལྷ་མོས།།
འཛུམ་ཆུང་གར་སྟབས་སྒྱུར་བཞིན།།
གསེར་གྱི་བུམ་པ་བཟུང་ནས།།
ཞིམ་མངར་བདུད་རྩི་དྲངས་ཡོང་།།