པཎ་ཆེན་སྣང་བ་མཐའ་ཡས་མཁྱེན།

པཎ་ཆེན་སྣང་བ་མཐའ་ཡས་མཁྱེན།ཉན་ཐེངས།

རིན་ཆེན་དོན་འགྲུབ།

སྤེལ་དུས།2019-02-05 22:26:45

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

པཎ་ཆེན་སྣང་བ་མཐའ་ཡས་མཁྱེན།

གླུ་ཚིག རྡོ་བ་ཆོས་གྲགས།
དབྱངས། རྡོ་བ་ཆོས་གྲགས།
ལེན་མཁན། རིན་ཆེན་དོན་འགྲུབ།
ཁྱབ་ཁོངས། དུས་གླུ་ལ་འཇེམ་སྐད་ཀྱིས་སྤུད་པ།
2019-ལོའི་རྡོ་བ་ཆོས་གྲགས་ཀྱི་དབྱངས་རོལ་བརྩམས་ཆོས་གསར་པ།

ཧུན་་་་་་། ཨོཾ་མ་ཎྀ་པད་མེ་ཧཱུཾ།
ཧུན་་་་་། ཨོཾ་མ་ཎྀ་པད་མེ་ཧཱུཾ།
༡ གྱད་མི་སྟོང་གིས་མ་ཐེག་ཅིང་།།
གངས་ཅན་ས་གཞིས་མ་ཐེག་པའི།།
གངས་ལྗོངས་ཆོས་རིག་ཆུ་གཏེར་ལ།།
དུས་ཀྱི་གཙང་པོ་འདྲེན་པའི་མགོན།།
སེམས་དཔའ་ཆེན་མོ་པཎ་ཆེན་དྲན།།
དད་པས་དྲན་ནོ་ཐར་བའི་མགོན།།
བཀའ་དྲིན་དྲན་ནོ་སྙིང་རྗེའི་གཟུགས།།
པཎ་ཆེན་སྣང་བ་མཐའ་ཡས་མཁྱེན།།

༢ མཁས་པ་སྟོང་གིས་མ་འཁྱོངས་ཤིང་།།
བླ་དཔོན་བརྒྱ་ཡིས་མ་འགྲུབ་པའི།།
མི་རིགས་སློབ་གསོའི་བྱ་གཞག་ལ།།
དུས་དྲུག་བསྐྱོན་པའི་སྲོག་གི་དབང་།།
མཚུངས་མེད་བླ་མ་པཎ་ཆེན་དྲན།།
དད་པས་དྲན་ནོ་ཐར་བའི་མགོན།།
བཀའ་དྲིན་དྲན་ནོ་སྙིང་རྗེའི་གཟུགས།།
པཎ་ཆེན་སྣང་བ་མཐའ་ཡས་མཁྱེན།།

གངས་ཀྱི་མི་བླ་རིན་པོ་ཆེ།
ཨོཾ་མ་ཎྀ་པད་མེ་ཧཱུཾ།
གངས་ཅན་པ་ཡི་རིན་པོ་ཆེ།
ཨོཾ་མ་ཎྀ་པད་མེ་ཧཱུཾ།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com