མེ་ཏོག་སྒྲོལ་མ།

མེ་ཏོག་སྒྲོལ་མ།ཉན་ཐེངས།

ཚེ་རིང་དོན་འགྲུབ།

སྤེལ་དུས།2019-01-24 09:20:35

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

མེ་ཏོག་སྒྲོལ་མ།

གཞས་ཚིག བསམ་གྲུབ་ཀྱིས་བརྩམས།
དབྱངས་དང་ལེན་མཁན། རྒྱ་ཡར་ཚེ་རིང་དོན་འགྲུབ།

མར་འགྲོ་ཆུ་མོ་ཤག་ཤག །
ནེའུ་ལྗང་སྤང་ལ་འཁྱིལ་སོང་། །
གཙང་པོའི་མེ་ལོང་ནང་ན། །
སྒྲོལ་མའི་ཞལ་རས་འཁྲུངས་ཡོད། །
ཨ། སྒྲོལ་མ་ལགས། ངའི་སེམས་ནང་གི་མེ་ཏོག

རྫ་ལུང་སྔོན་མོའི་ཁུག་ན། །
མེ་ཏོག་བརྒྱ་བཞད་སྟོང་འཛུམ། །
འབྲོང་ཆུང་རྨིག་ལ་ཐོགས་པ། །
བསུང་ཞིམ་འོ་ངད་ཅན་པོ། །
ཨ། སྒྲོལ་མ་ལགས། ངའི་སེམས་ནང་གི་མེ་ཏོག

གྲོ་ཞུན་ཟླ་བ་ཚེས་ན། །
མཇལ་འཛོམས་ལག་ཟུང་སྦྲེལ་ཆོག །
དངུལ་གྱི་སོར་གདུབ་དཀར་པོའི། །
ཁ་དན་རུམ་ལ་ཆུགས་ཤོག །
ཨ། སྒྲོལ་མ་ལགས། ངའི་སེམས་ནང་གི་མེ་ཏོག

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com