དགྱེས་གླུ་དར་དཀར་རིང་མོ།

དགྱེས་གླུ་དར་དཀར་རིང་མོ།ཉན་ཐེངས།

ཡ་དེང་ཀུན་དགའ།

སྤེལ་དུས།2017-11-24 16:01:20

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

དགྱེས་གླུ་དར་དཀར་རིང་མོ།

ཚིག ཚེ་རིང་བཀྲ་ཤིས།
དབྱངས། ཞའོ་ལའེ།
གཞས་པ། ཡ་དེང་ཀུན་དགའ།

དབུས་གཙང་དག་པའི་ཞིང་ཁམས།
ཆོས་རྒྱས་མེས་དབོན་བཞུགས་གནས།
སྐྱེས་ཆེན་དམ་པའི་མཛད་འཕྲིན།
ཉི་མའི་ཀློང་དུ་འཚེར་ཡོད།


ཁམས་ཡུལ་གངས་ཀྱི་ར་བ།
གླུ་གར་རོལ་མོའི་ཕོ་བྲང་།
སྒྱུ་རྩལ་ཕྲ་ཚོམ་མེ་ཏོག
གཙང་གསུམ་གཞུང་ལ་བཞད་ཡོད།

མདོ་སྨད་ས་ཡི་ཐིག་ལེ།
མཁས་ཆེན་དམ་པའི་གདན་ས།
ཤེས་རིག་ནོར་བུའི་གཙུག་རྒྱན།
འཛམ་གླིང་རྩེ་མོར་བཞེངས་ཡོད།

བོད་ཡུལ་མདོ་དབུས་ཁམས་གསུམ།
རིགས་རུས་གཅིག་གི་སྤུན་ཟླ།
མཛའ་མཐུན་དགྱེས་པའི་དར་དཀར།
ཆོལ་གསུམ་ཞིང་ལ་འབུལ་ལོ།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com