གཙང་བོ་བཞུར་སོང་།

གཙང་བོ་བཞུར་སོང་།ཉན་ཐེངས།

པཎ་ཆེན་སྐྱབས།

སྤེལ་དུས།2017-11-24 09:55:12

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

གཙང་བོ་བཞུར་སོང་།

ཚིག་རྩོམ་མཁན་རི་སྔོན་འཕྲིན་ལས།
དབྱངས་རྩོམ་མཁན་དད་ལྡན།
གཞས་གཏོང་མཁན་པཎ་ཆེན་སྐྱབས།

རྨི་ལམ་དང་རེ་སྨོན་ཁུར་ནས།།
གཙང་བོ་ཞིག་བཞུར་ནས་བུད་སོང་།།
གཙང་འགྲམ་གྱི་གླུ་བ་ཆུང་ཆུང་།
ཡུལ་གྲུ་འདིའི་བདག་པོ་ཨེ་ཡིན།།

ནམ་མཁའ་ས་གཞི་ལྟེབ་ནས།།
རྒོད་པོ་ཞིག་འཕུར་ནས་བུད་སོང་།།
རི་སྒང་གི་རྔོན་པ་ཁེར་འགྲོ།།
ཡུལ་གྲུ་འདིའི་སོ་བ་ཨེ་ཡིན།།

འཇའ་ཚོན་དང་མེ་ཏོག་བཏེགས་ནས།།
བུ་མོ་ཞིག་འཛུམ་ནས་བུད་སོང་།།
སྦྲ་འདབས་ཀྱི་བྱིས་པ་ཆུང་ཆུང་།།
ཡུལ་གྲུ་འདིའི་རྨི་ལམ་ཨེ་ཡིན།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com