གྲོགས་པོའི་ནང་གི་གྲོགས་པོ།

གྲོགས་པོའི་ནང་གི་གྲོགས་པོ།ཉན་ཐེངས།

རྨ་གླིང་ལྷུན་གྲུབ།

སྤེལ་དུས།2017-10-26 20:49:20

སྐད་རིགས།བོད་སྐད།

རིགས་གྲས།རྡུང་ལེན།

གཞས་ཚིག

གྲོགས་པོའི་ནང་གི་གྲོགས་པོ།

ཚིག བེ་དུང་།
དབྱངས། རྨ་གླིང་ལྷུན་གྲུབ།
གཞས་པ། རྨ་གླིང་ལྷུན་འགྲུབ།

གྲོགས་པོ་ཟེར་ན་མི་སེམས་ཡོད་ནི་ཞིག།
དཀའ་སྡུག་དུས་སུ་མིག་གིས་རིག་ནི་ཞིག།
ཅི་ཞིག་མཛད་ཀྱང་གཡོ་སྒྱུ་མེད་ནི་ཞིག།
ཁ་ཞེ་གཉིས་ཀ་རྒྱུན་དུ་མཚུངས་ནི་ཞིག།
ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་ཟེར་ན་བརྩེ་བ་ཟབ་ནི་ཞིག།
སྐྱོ་བའི་དུས་སུ་སེམས་གསོ་བྱེད་ནི་ཞིག།
གོ་གནས་མེད་རུང་དཔུང་ཡ་ཉན་ནི་ཞིག།
རྒྱུ་ནོར་རིག་ན་ཧམ་སེམས་མེད་ནི་ཞིག།
ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་ཟེར་ན་མཐུན་སྒྲིལ་དམ་ནི་ཞིག།
ཕན་ཚུན་བར་ལ་ཕྲག་དོག་མེད་ནི་ཞིག།
ལེ་བདའ་བྱས་ཀྱང་བཟོད་སྒོམ་ཐུབ་ནི་ཞིག།
ཡོན་ཏན་མེད་རུང་མི་གཞི་ཡག་ནི་ཞིག།
ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་ཟེར་ན་མངོན་ལྐོག་མེད་ནི་ཞིག།
རྒྱལ་ཕམ་དུས་སུ་འགྱུར་ལྡོག་མེད་ནི་ཞིག།
མི་ཚོགས་ཁྲོད་ན་ཨ་གསར་མེད་ནི་ཞིག།
བརྩེ་བའི་གྲོགས་ལ་བསླུ་བྲིད་མེད་ནི་ཞིག།
ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com