ཁ་བ་ཅན།

ཁ་བ་ཅན།ཉན་ཐེངས།

མགོ་ལོག་རྒྱལ་མཚན།

སྤེལ་དུས།2017-08-28 14:46:34

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ཁ་བ་ཅན།

ཚིག གངས་ཞུན།
དབྱངས། གསང་བདག
ལེན་མཁན། མགོ་ལོག་རྒྱལ་མཚན།

དུས་རབས་ཀྱིས་འབོད་བརྡ་བཏང་བྱུང་།
ཚེ་སྲོག་གིས་འབོད་བརྡ་བཏང་བྱུང་།
གདོང་མཆོང་གི་ངར་སྐད་ཁྲོད་ནས།
སྣང་བ་སྐྱིད་མི་སྐྱིད་དང་སྐུ་ཁམས་བདེ་མི་བདེ་ང་ལ་མ་འདྲི།
ངས་བརྩོན་འགྲུས་ཀྱི་རྔུལ་ཆུ་དྭངས་མོ་དེ་ཕ་ཡུལ་གྱི་ལུང་ཁོག་ཏུ་གཏོར་འདོད།

ཨོ་ཨེ་མ།ཨོ་ཨེ་མ།ཨེ་མ་ཁ་བ་ཅན།
ཁ་བ་ཅན།
ཁྱེད་ནི་ངའི་བཤད་མི་ཚར་བའི་གཏམ་རྒྱུད་ཡིན།
གཏམ་རྒྱུད་ཡིན།

རེ་སྒུག་གི་སེམས་པ་དྲོས་བྱུང་།
འགྲན་རྩོད་ཀྱི་སྤོབས་པ་རྒྱས་བྱུང་།
བློ་རིག་གི་སྤུ་གྲིའི་ཁ་ནས།
ཁེ་ཕན་ཐོབ་མ་ཐོབ་དང་རྒྱལ་ཁ་བླངས་མ་བླངས་ང་ལ་མ་འདྲི།
ངས་མི་ཚེ་ཡི་རིན་ཐང་དྲོན་མོ་དེ་གངས་ཅན་གྱི་ཡུལ་ལྗོངས་ནས་འཚོལ་འདོད།
ཨོ་ཨེ་མ།ཨོ་ཨེ་མ།ཨེ་མ་ཁ་བ་ཅན།
ཁ་བ་ཅན།
ཁྱེད་ནི་ངའི་བཤད་མི་ཚར་བའི་གཏམ་རྒྱུད་ཡིན།
གཏམ་རྒྱུད་ཡིན།

ཨོ་ཨེ་མ།ཨོ་ཨེ་མ།ཨེ་མ་ཁ་བ་ཅན།
ཁ་བ་ཅན།
ཁྱེད་ནི་ངའི་བཤད་མི་ཚར་བའི་གཏམ་རྒྱུད་ཡིན།
གཏམ་རྒྱུད་ཡིན།
གཏམ་རྒྱུད་ཡིན།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com