སུ་ཞིག་བསམ་ནས་ཆས།

སུ་ཞིག་བསམ་ནས་ཆས།ཉན་ཐེངས།

ཚེ་རིང་བསམ་གྲུབ། ཡོན་ཏན་མགོན་པོ།

སྤེལ་དུས།2017-08-02 15:55:48

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སུ་ཞིག་བསམ་ནས་ཆས།
གཞས་ཚིག ཁ་སྒང་སྤྱན་འབངས།
གཞས་གདངས།ཡོན་ཏན་མགོན་པོ།
གཞས་མཁན། ཚེ་རིང་བསམ་གྲུབ། ཡོན་ཏན་མགོན་པོ།

སེམས་ཀྱི་མི་ཁྱོད་གང་དུ་ཆས།།
འདང་ཅན་སུ་ཞིག་བསམ་ནས་ཆས།།
ང་ཡིས་ཁྱེད་རང་སྙིང་ནས་དྲན།།
དྲན་པའི་སེམས་ལ་ཁ་བ་བབས།།

སེམས་ཀྱི་མི་ཁྱོད་གང་དུ་ཡོད།།
སུ་དང་གང་གི་མཉམ་དུ་ཡོད།།
སེམས་ཀྱི་གསང་བ་ཕྲ་མོ་ཡང་།།
སུ་དང་གང་ལ་བརྗོད་ནས་ཡོད།།

སེམས་པ་མེ་ལ་ཁྱོད་ཀྱིས་བསྒྲོན།།
བཞག་པའི་དམ་ཚིག་ཁྱོད་ཀྱིས་བཤིག།
ཁྱོད་ཀྱིས་བསྐྱུར་བའི་སྡུག་བསྔལ་འདི།།
སུ་དང་གང་གིས་རྟོགས་ཐབས་བྲལ།།



སེམས་ཀྱི་མི་ཁྱོད་གང་དུ་ཆས།།
འདང་ཅན་གང་ཞིག་བསྙེགས་ནས་ཆས།།
ང་ཡིས་ཁྱེད་རང་སྙིང་ནས་དྲན།།
དྲན་པའི་མིག་ལ་མཆི་མ་འཁོར།།

སེམས་ཀྱི་མི་ཁྱོད་གང་དུ་ཡོད།།
སུ་དང་གང་གི་མཉམ་དུ་ཡོད།།
ཚེ་གཅིག་སེམས་ཀྱི་འདུན་མ་ཡང་།།
སུ་དང་གང་ལ་བཅོལ་ནས་ཡོད།།

སྙིང་ལ་རྨ་ཁ་ཁྱོད་ཀྱིས་བཟོས།།
བཞག་པའི་དམ་བཅའ་ཁྱོད་ཀྱིས་བཤིག།
ཁྱོད་ཀྱིས་བསྐྱུར་བའི་སྡུག་བསྔལ་འདི།།
སུ་དང་གང་གིས་རྟོགས་ཐབས་བྲལ།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com