རང་གིས་འཚོལ།

རང་གིས་འཚོལ།ཉན་ཐེངས།

ནོར་འཛིན་སྐྱིད།

སྤེལ་དུས།2017-07-31 15:03:33

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

རང་གིས་འཚོལ།
ཚིག ཁ་སྒང་སྤྱན་འབངས།
དབྱངས། ཡོན་ཏན་མགོན་པོ།
ལེན་མཁན། ནོར་འཛིན་སྐྱིད།

མི་ཚེ་ཐུང་ཐུང་ཐུང་ཐུང་ཞིག་ལ།
བྱ་གཞག་མང་པོ་འཁྱོང་རྒྱུ་དཀའ་གི།
རང་དང་འཚམ་པའི་ལམ་ཞིག་བཙལ་ནས།
རང་ལམ་རང་གིས་འཚོལ་བཞིན་འགྲོ་དང་།
འགྲིག་དང་མ་འགྲིག་སུ་དང་གང་ལ་ལྟ་དགོས་མེད།
ང་ཚོ་གསོན་པ་རང་གི་ཆེད་དུ་རང་གི་ཆེད་དུ་ཡིན།
སྙན་དང་མ་སྙན་གང་ལ་ཡང་ཉན་དགོས་མེད།
ང་ཚོ་རང་ཉིད་རང་གིས་འཚོལ།
མི་ཚེ་ཐུང་ཐུང་ཐུང་ཐུང་འདི་ལ།
བྱ་གཞག་མང་པོ་འཁྱོང་རྒྱུ་དཀའ་མོ་རེད།

འཇིག་རྟེན་ཁྲ་ཁྲ་འདི་ནས།
ཀུན་དང་མཐུན་རྒྱུ་དཀའ་གི།
ལས་དང་བདེན་པ་བརྩིས་ནས།
རང་ལམ་རང་གིས་འཚོལ་བཞིན་འགྲོ་དང་།
འགྲིག་དང་མ་འགྲིག་སུ་དང་གང་ལ་ལྟ་དགོས་མེད།
ང་ཚོ་གསོན་པ་རང་གི་ཆེད་དུ་རང་གི་ཆེད་དུ་ཡིན།
སྙན་དང་མ་སྙན་གང་ལ་ཡང་ཉན་དགོས་མེད།
ང་ཚོ་རང་ཉིད་རང་གིས་འཚོལ།
འཇིག་རྟེན་ཁྲ་ཁྲ་ཁྲ་ཁྲ་འདི་ནས།
ཀུན་དང་མཐུན་པ་བཅའ་རྒྱུ་དཀའ་མོ་རེད།

མི་ཚེ་ཐུང་ཐུང་ཐུང་ཐུང་ཞིག་ལ།
བྱ་གཞག་མང་པོ་འཁྱོང་རྒྱུ་དཀའ་གི།
རང་དང་འཚམ་པའི་ལམ་ཞིག་བཙལ་ནས།
རང་ལམ་རང་གིས་འཚོལ་བཞིན་འགྲོ་དང་།
འགྲིག་དང་མ་འགྲིག་སུ་དང་གང་ལ་ལྟ་དགོས་མེད།
ང་ཚོ་གསོན་པ་རང་གི་ཆེད་དུ་རང་གི་ཆེད་དུ་ཡིན།
སྙན་དང་མ་སྙན་གང་ལ་ཡང་ཉན་དགོས་མེད།
ང་ཚོ་རང་ཉིད་རང་གིས་འཚོལ།
མི་ཚེ་ཐུང་ཐུང་ཐུང་ཐུང་འདི་ལ།
བྱ་གཞག་མང་པོ་འཁྱོང་རྒྱུ་དཀའ་མོ་རེད།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com