ལྷ་གཉན་སྒྱུ་རྩལ།

ལྷ་གཉན་སྒྱུ་རྩལ།ཉན་ཐེངས།

སྒྲོལ་མ་སྐྱབས།

སྤེལ་དུས།2017-07-07 10:00:48

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ལྷ་གཉན་སྒྱུ་རྩལ།

གཞས་ཚིག ཁ་གྱའི་ཁྱུང་སྔོན།
གཞས་གདངས། གངས་ཅན་པ་སྒྲོལ་མ་སྐྱབས།
གཞས་པ། གངས་ཅན་པ་སྒྲོལ་མ་སྐྱབས།

གོ་ལའི་ཡང་རྩེ་ན་འཚོ་བའི།
མེས་པོ་སྲོང་བཙན་གྱི་བུ་རྒྱུད།
བློ་རིག་ཤེས་གསུམ་གྱིས་ཕྱུག་པའི།
རིག་གནས་སྒྱུ་རྩལ་གྱི་བདག་པོ།
ལྷ་གཉན་སྒྱུ་རྩལ་་་་ཁྱེད་ཀྱི་ཕྱག་སོར་གྱི་རྩེ་ན།
ལྷ་གསོན་པོའི་ཞལ་རས་འཛུམ། མི་ཡུལ་གྱི་མཛེས་སྡུག་འཁྱིལ། ཀླུ་ཡུལ་གྱི་ལོངས་སྤྱོད་བརྡོལ། མི་ལོ་སྟོང་ཕྲག་ནས་བརྒྱུད་པའི་མེས་པོའི་རུས་རྐང་དཀར་པོ། སོར་མོའི་འདུ་བྱེད་ལ་ཕབ་པའི་སྒྱུ་རྩལ་གྱི་ཉིང་ཁུ།
ཁྱེད་ཀྱི་ཚེ་སྲོག་ལ་གསོན་ཤུགས་རྒྱས་པར་ཤོག
ཁྱེད་ཀྱི་ཚེ་བསོད་དང་རླུང་རྟ་དར་བར་ཤོག

ཡར་ཀླུང་གཙང་འགྲམ་ནས་ཆས་པའི།
རལ་བ་རྫིག་རྫིག་གི་རུ་བ།
བྱམས་བརྩེ་མཛའ་མཐུན་གྱིས་ཕྱུག་པའི།
དབྱངས་གསལ་སོ་བཞི་ཡི་བདག་པོ།
ལྷ་གཉན་སྒྱུ་རྩལ་་་་ཁྱེད་ཀྱི་སྒྱུ་རྩལ་གྱི་ཞིང་ན།
ལྷ་ཚོགས་ཀྱི་དཀྱིལ་འཁོར་གྲུབ། ལོ་རྒྱུས་ཀྱི་འོད་སྟོང་འཚེར། ནང་རིག་གི་གླེགས་བམ་བརྗིད། སྲིད་པའི་རྩེ་མོ་རུ་གཡོ་བའི་མེས་པོའི་རུ་དར་སྨུག་པོ། ཕ་ལོའི་མན་ངག་ལས་བྱུང་བའི་དངུལ་དཀར་གྱི་ཕྲེང་བ།
ཁྱེད་ཀྱི་ཕུགས་འདུན་དང་བསམ་དོན་འགྲུབ་པར་ཤོག
ཁྱེད་ཀྱི་སྒྱུ་རྩལ་ལ་འོད་སྟོང་འཕྲོ་བར་ཤོག

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com