ཁ་པར་ནང་གི་བྱམས་པ།

ཁ་པར་ནང་གི་བྱམས་པ།ཉན་ཐེངས།

གདུགས་དཀར་ཡག འོད་མཚོ།

སྤེལ་དུས།2017-07-03 09:30:40

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

ཁ་པར་ནང་གི་བྱམས་པ།
གཞས་ཚིག ཚུལ་ཁྲིམས་རྒྱལ་མཚོ།
དབྱངས། གདུགས་དཀར་ཡག
ལེན་མཁན། གདུགས་དཀར་ཡག འོད་མཚོ།

ལྷད་མེད་བརྩེ་བའི་དབང་གིས།།
ཁ་པར་ཡང་ཡང་བཏང་ཡོད།།
ཁྲེལ་མེད་སྙིང་གི་བྱམས་པས།།
སྐུད་ལམ་བདག་ལ་མ་གཡར།།

མཇལ་འཛོམས་མེད་པས་བྱམས་པ།།
ཁ་པར་ནང་ནས་འཛོམས་སོང་།།
ལག་བརྡ་མེད་པའི་གྱེས་ཕྱག།
སྐུད་མེད་གློག་ལ་བཞག་སོང་།།

ཁ་པར་ནང་གི་བྱམས་པ།།
ཁ་ཁར་འགྲོ་འདོད་མེད་ཀྱང་།།
ཁ་པར་སྐུད་ལམ་མ་དབང་།།
ཁ་ཁར་མི་འགྲོ་ཐབས་མེད།།

ཁ་པར་ནང་གཏོང་དགོང་གཏོང་།།
སྙིང་གཏམ་གཅིག་བཤད་གཉིས་བཤད།།
རང་སྣང་ཁྱོད་མཐོ་ང་མཐོ།།
འབྲེལ་བ་གཏིང་ཆད་དགུ་ཆད།།

གྲོགས་ལ་ཕྱི་ཐག་མེད་ན།།
གློག་ལ་སྐུད་ལམ་ཡོད་ཀྱང་།།
སེམས་ཀྱི་བརྩེ་བ་དམ་པོ།།
ངམ་ངམ་ཤུགས་ཀྱིས་ལྷོད་འགྲོ།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com