སྤུན་ཟླ།

སྤུན་ཟླ།ཉན་ཐེངས།

རྟ་མགྲིན་ཚེ་རིང་།

སྤེལ་དུས།2017-06-23 11:22:38

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

སྤུན་ཟླ
གཞས་ཚིག།མེ་རི་ཨ་བསོད
གཞས་དབྱངས།རྟ་མགྲིན་ཚེ་རིང་།
གཞས་པ།རྟ་མགྲིན་ཚེ་རིང་།

སྔོན་བསགས་ལས་དབང་ཡོད་འདྲ།།
སེམས་པའི་དགའ་ཕྱོགས་གཅིག་འདྲ།།
རྒྱུ་དང་འབྱོར་བ་བལྟས་མེད།།
འདང་དང་བརྩེ་བ་འཁྲེང་ཡོད་།།
ལང་ཚོའི་ཉི་འོད་ཁྲོད་ནས།།
སྤུན་ཟླའི་བརྩེ་བ་ཆགས་སོང་།།
མི་ཚེ་རིང་ཡང་ཐུང་ཡང་།།
འཚོ་བ་སྐྱིད་རུང་སྡུག་རུང་།།
ཚེ་གཅིག་སྤུན་ཟླའི་འདང་དེ།།
མི་འགྱུར་བྲག་ལ་བརྐོས་ཡོད།།
ཁ་ཐག་རིང་ཡང་ཐུང་ཡང་།།
སེམས་པ་སྐྱིད་རུང་སྡུག་རུང་།།
ཚེ་གཅིག་སྤུན་ཟླའི་འདང་དེ།།
ཟབ་མོའི་མཚོ་ལ་འཁྱིལ་ཡོད།།

ཕྱི་ཐག་དངུལ་ཀྱི་སྐུད་པ།།
དམ་ཚིག་གསེར་གྱི་མདུད་པ།།
སྐྱིད་སྡུག་འཚོ་བའི་ཀློང་ནས།།
སྤུན་ཟླའི་བརྩེ་བ་མདུད་ཡོད།།
ང་ཡི་སྤུན།
འཚོ་བ་འབྱོར་ཡང་དབུལ་ཡང་།།
ཁེར་རྐྱང་ཡིན་རུང་མིན་རུང་།།
ཚེ་གཅིག་སྤུན་ཟླའི་འདང་དེ།།
གཏན་དུ་སེམས་ལ་དྲན་ཡོད།།
སྐྱིད་ལ་གཅིག་གི་རྟ་བོ་ཞོན་རོགས་མི་ཚེ་གཅིག་གི་སྤུན་ཟླ་ཡིན།།
སྡུག་ལ་སྡུག་གི་གླུ་ཆུང་ལེན་རོགས་མི་ཚེ་གཅིག་གི་སྤུན་ཟླ་ཡིན།།
སྐྱིད་སྡུག་གཅིག་གི་དཔུང་བ་གཤིབ་རོགས་མི་ཚེ་གཅིག་གི་སྤུན་ཟླ་ཡིན།
སྲོག་དང་འདྲ་བའི་སྤུན་ཟླའི་བརྩེ་བ་མི་ཚེ་གཅིག་གི་ཚེ་ནོམ་ཡིན།།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com