བཀྲ་ཤིས་པའི་ཉི་མ།

བཀྲ་ཤིས་པའི་ཉི་མ།ཉན་ཐེངས།

དགེ་བྷེ།

སྤེལ་དུས།2017-01-25 10:16:31

སྐད་རིགས།བོད་སྐད།

རིགས་གྲས།དེང་གཞས།

གཞས་ཚིག

བཀྲ་ཤིས་པའི་ཉི་མ།

ཚིག་་་་དགེ་བྷེ།
དབྱངས་་་དགེ་བྷེ།
ལེན་མཁན་་་དགེ་བྷེ།

དུས་དེ་རིང་བཀྲ་ཤིས་ཉི་མ་ལ།།
རྟགས་རྟེན་འབྲེལ་ཉི་མ་མགོ་ནས་ཤར།།
གནས་འདི་ལ་འཛོམས་པའི་མིང་སྲིང་ཚོར།།
དོན་གང་བསམ་ལྷུན་གྱིས་འགྲུབ་པར་ཤོག།

དུས་དེ་རིང་བཀྲ་ཤིས་ཉི་མ་ལ།།
དོན་འགྲུབ་པའི་ཟླ་བ་ཕྲག་ནས་ཚེས།།
གནས་འདི་ལ་འཛོམས་པའི་སྤུན་ཟླ་ཚོར།།
ས་གར་སོང་ཁ་ལས་དགེ་བར་ཤོག།

དུས་དེ་རིང་བཀྲ་ཤིས་ཉི་མ་ལ།།
གཟའ་རྒྱུ་སྐར་ཁྲ་ཚོམས་མཐའ་ནས་གསལ།།
གནས་འདི་ལ་འཛོམས་པའི་སྐུ་མགྲོན་ཚོར།།
སྐུ་ནད་མེད་ཚེ་རིང་ལོ་བརྒྱར་ཤོག།

དུས་དེ་རིང་བཀྲ་ཤིས་ཉིན་མོ་ལ། །
སེམས་གཏིང་ནས་བླངས་བའི་གླུ་ཆུང་འདིས།།
སྤྱིར་འཛམ་གླིང་ཞི་བདེ་ཡོང་བ་དང་།།
སྒོས་བོད་པའི་བསམ་དོན་འགྲུབ་པར་ཤོག།

སྤྱིའི་དགའ་བསུ་ཐོབ་ཤོས།

རེབ་འདིའི་ཚ་ཤོས།

སྐད་འཕྲིན: TBTnews
པོད་ཕྲན: http://weibo.com