མགོན་ཐར་རྒྱལ། ཀློག་གྲངས། མགོན་ཐར་རྒྱལ།

༈ མཚམས་སྦྱོར་མདོར་བསྡུས།

    མགོན་ཐར་རྒྱལ་ནི་མཚོ་སྔོན་ཁྲི་ཀའི་རྐང་ཚའི་ཡུལ་གྱི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་ལང་ཚོའི་གཉོམ་ལག་རྒྱས་ཤིང་། ཆུང་དུས་ནས་སློབ་གྲྭར་འགྲིམ་པའི་བསྐལ་བ་མ་ལྡན་ཡང་གླུ་དབྱངས་དང་གློག་བརྙན་སྒྱུ་རྩལ་སོགས་ལ་ཤིན་ཏུ་དགའ་བས། སྤྱི་ལོ༢༠༡༥ལོར་རང་ཉིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་དུང་བརྗོད་གློག་བརྙན་བརྩམས་ཆོས་ཐོག་མ་༼རྨི་ལམ་ནང་གི་རྒྱབ་གཟུགས༽ཞེས་པ་ཕབ་བསྐྲུན་བྱས་ཏེ་སྤྱི་ཚོགས་སྒང་དུ་བཀྲམ་ཞིང་དགའ་བསུ་གང་མང་ཐོབ། སྤྱི་ལོ༢༠༢༡ལོར་རང་ཉིད་ཀྱི་བརྙན་ལྡན་གླུ་གཞས་ཐོག་མ་༼གནས་འགྲོ་སྲིང་ཆུང་༽ཞེས་པ་འགྲེམ་སྤེལ་བྱས་ཤིང་། ལོ་ཕྱེད་ཅིག་གི་རིང་ལ་བོད་ཁུལ་གྱི་ཡུལ་གྲུ་གང་མང་ཞིག་ནས་གསན་མཁན་དང་གཟིགས་མཁན་མང་པོ་ཞིག་གི་དགའ་བསུ་དང་བསྟོད་བསྔགས་ཐོབ་མྱོང་བར་མ་ཟད། གཉེན་སྟོན་གྱི་ཡུལ་དངོས་མང་པོ་ཞིག་གི་བརྗོད་གཞས་ལྟ་བུ་རུའང་ཆགས་སོང་། ད་ལྟ་མཐིང་སྨུག་གཡུ་སྦྲ་བརྙན་རིས་ལས་སྒྲུབ་ཁང་གི་གཙོ་གཉེར་བ་ཡིན་ལ་བརྙན་ཕབ་དང་སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད།