སྟག་ལྷ་ཚེ་རིང་། ཀློག་གྲངས། སྟག་ལྷ་ཚེ་རིང་།

༈ མཚམས་སྦྱོར་མདོར་བསྡུས།

གླུ་བ་སྟག་ལྷ་ཚེ་རིང་ནི1986ལོར་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་མུ་རི་རྩྭ་ཐང་དུ་སྐྱེས་ཤིང་། ད་ལྟ་པེ་ཅིན་ཀྲུང་གོ་སྨྱན་བྱད་སློབ་གྲྭ་ཆེན་མོའི་བརྙན་འཕྲིན་འཁྲབ་ཁྲིད་སྡེ་ཁག་ཏུ་སློབ་གཉེར་བྱེད་མུས་སུ་མཆིས།

2005ལོའི་ཟླ3པ་ནས2009ལོའི་ཟླ12པར་པེ་ཅིན“མ་སྐྱེས་ཨ་མ”འཁྲབ་སྟོན་ཚོགས་པ་རུ་གཞས་པ་གཙོ་བོའི་འགན་བཞེས་པ་དང་། གར་སྟེགས་ཆེ་མ་ཆུང་གསུམ་གང་མང་བརྒྱུད་དེ་རང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་སྦྱོང་བ་བྱས། དེའི་ཞོར་དུ་པི་ཝང་དང་འཕྲེད་གླིང་སོགས་མི་རིགས་རོལ་ཆ་མང་བོའི་འབུད་རྡུང་དཀྲོལ་གསུམ་ལའང་སྦྱོང་བ་ཧུར་ལེན་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

2006ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་དམངས་གླུ》ཞེས་པའི་ལེ་ཚན་གྱི་ཕབ་སྐྲུན་ལ་ཞུགས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་རིག་གནས་སྒྱུ་རྩལ་འཕྲིན་ལམ་ནས་བརྒྱུད་གཏོང་བྱས།

2007ལོར་སུན་ནན་དང་ཁོང་ལེན་ཆི། ཀྲང་ཡའོ་སོགས་ཀྱིས་གཙོ་འཁྲབ་བྱས་པའི་དངོས་ཟོག་རྫུན་མར་ངོ་རྒོལ་བྱེད་པ་བརྗོད་བྱར་བཟུང་བའི་གློག་བརྙན《པར་དབང་བསླུས་པའི་བྱི་ལ》ཞེས་པའི་འཁྲབ་སྟོན་ལ་ཞུགས།

2008ལོར་གྱོན་ཆས་དུས་དེབ《མའོ་ཞི》ཡི་གྱོན་ཆས་འགྲེམ་སྟོན་པའི་འགན་བཞེས།

2009ལོའི་ཟླ་དང་པོའི་ནང་གློག་བརྙན་འཕྲིན་ལམ་གྱི《ལོ་གསར་བའི་རོལ་མོའི་སྤྲོ་ཚོགས》དུ་ཞུགས་པ་དང་། མིང་དུ་གྲགས་པའི་གླུ་བ་ཡ་ཏུང་དང་ཡའོ་པེ་ན་སོགས་དང་མཉམ་དུ་འཁྲབ་སྟོན་བྱས། ལོ་དེར་ཀྲུང་དབྱང་བརྙན་འཕྲིན་ཁང(མའེ་ཏེ་ཡ་ལྟེ་གནས་བརྙན་འཕྲིན་པུའུ)གི་ཕབ་སྐྲུན་བྱས་པའི་དངོས་བྲིས་གློག་བརྙན《ཡ་གླིང་གི་འཛུམ་མདངས》ལས《བོད་ལྗོངས་ཀྱི་གཞོན་ནུ》ཞེས་པའི་ནང་མི་སྣ་གཙོ་བོའི་འཁྲབ་སྟོན་པའི་འགན་བཞེས་ཤིང་། གློག་བརྙན་དེ་འཇར་པན་གྱིNHKའཕྲིན་ལམ་ནས་བརྒྱུད་གཏོང་བྱས།

2009ལོའི་ཟླ7པའི་ནང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རོལ་མོའི་འཕྲིན་ལམ་གྱི《ཀྲུང་གོའི་དམངས་གླུ》ལས《གངས་ལྗོངས་སྤྲོ་གླུ》ཞེས་པའི་འཁྲབ་སྟོན་ལ་ཞུགས།

2010ལོར་པེ་ཅིན་དུ་ཡོད་པའི་བོད་ཀྱི་གླུ་བ་གླུ་མ་དང་མཉམ་དུ་བརྩེ་སེམས་བརྗོད་པའི་གླུ་དབྱངས《ཚེ་སྲོག་གི་ལྗོན་པ་བརྟན་པར་ཤོག》ཅེས་པ་སྒྲ་ལེན་ཕབ་སྐྲུན་བྱས་ཤིང་། དེ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ས་གནས་ཁག་གི་བརྙན་འཕྲིན་ཁང་། རླུང་འཕྲིན་དང་དྲ་རྒྱ་སོགས་སྨྱན་བྱད་ནས་ཐེངས་མང་བོར་བརྒྱུད་གཏོང་བྱས་ཤིང་། ཡུལ་ཤུལ་ས་འགུལ་ཁྲོད་གནོད་ཐེབས་མང་ཚོགས་ཀྱི་སེམས་པ་གསོ་བའི་སྙིང་རྗེའི་རོགས་སྐྱོར་འཁྲབ་སྟོན་གང་མང་ལ་ཞུགས།

2011ལོར“ཉི་མའི་རོལ་ཚོགས”ཞེས་པའི་རོལ་མོའི་ཚོགས་པ་བཙུགས་ཤིང་། པེ་ཅིན་ཧྭ་ཧྲིན་ཧྥིན་ལེན་རོལ་མོ་རིག་གནས་ཚད་ཡོད་ཀུང་ཟིར་གན་རྒྱ་བཞག ལོ་དེར་རོལ་ཚོགས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་དམངས་གླུ 》ཞེས་པའི་ལེ་ཚན་ནང《ཉི་མར་ཕུལ་པའི་གླུ》ཞེས་པའི་ཆེད་སྒྲིག་ལེ་ཚན་ཞིག་སྒྲ་ལེན་ཕབ་སྐྲུན་བྱས།

2012ལོར་བཀྲམས་པའི་ཉི་མའི་རོལ་ཚོགས་ཀྱི་ཆེད་སྒྲིག་བརྙན་འཁོར《ཚངས་དབྱང་རྒྱ་མཚོའི་མགུར་གླུ》ཞེས་པའི་ནང་དུ་ཁོའི་རྐྱང་གཞས《ཨ་རོགས་ཡ》དང《པོ་ཏ་ལ》གཉིས་བཀོད་ཡོད།

2013ལོར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་ནས《ཨ་རོགས་ཡ》ཞེས་པའི་རྐྱང་གཞས་དེ་ཁེར་ལེན་བྱས། ལོ་དེའི་ཟླ2པའི་ནང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གྲོང་ཁྱེར་སྐུད་ལམ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་བཅར་འདྲི་དང་ལེན་བྱས་ཤིང་། ཁ་ཡིག་ལ《སྟག་ལྷ་ཚེ་རིང་། རེ་སྨོན་གྱི་གོམ་ཁ་གླུ་རུ་བཏེགས་པའི་གཞས་པ།》ཞེས་པ་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་བཀོད།  །

གཞས་ལ་གསན་རོགས། http://music.tibet3.com/music/playlist/2014-07-10/170.html