སྐལ་བཟང་བཀྲ་ཤིས། ཀློག་གྲངས། སྐལ་བཟང་བཀྲ་ཤིས།

༈ མཚམས་སྦྱོར་མདོར་བསྡུས།

རང་མིང་ལ་སྐལ་བཟང་བཀྲ་ཤིས་སུ་འབོད་བཞིན་ཡོད། ༡༩༨༤་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་ཀོང་དུ་སྐྱེས། རང་ལོ་བདུན་ནས་བཟུང་སྟེ་གཞན་དག་གི་བྱིས་པ་ཇི་བཞིན་སློབ་ཆུང་དང་སློབ་འབྲིང་སོགས་འགྲིམ་པར་བརྩམས། ཡིན་ན་ཡང་ཉིས་སྟོང་ལྔ་ནས་བཟུང་སྟེ་མི་འདོད་པའི་བར་ཆད་ཆེན་པོ་ཞིག་གིས་མིག་ཟུང་གློ་བུར་དུ་ལོང་བར་གྱུར། ཉིས་སྟོང་༢༠༠༩་དགུ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སྒྱུ་རྩལ་སྡེ་ཁག་ཏུ་རོལ་ཆ་སྣ་ཚོགས་དང་གླུའི་ལེན་སྟངས་སོགས་ལ་སྦྱངས་པ་བྱས། དེ་རྗེས་སུ་ཧྲི་ཅ་ཀྲོང་དབང་པོ་སྐྱོན་ཅན་གླུ་གར་ཚོགས་པར་ཞུགས། ད་དུང་༢༠༠༩་ལོར་བོད་ལྗོངས་ཞོ་སྟོན་གླུ་བའི་འགྲན་ཚོགས་ཆེན་མོའི་སྟེང་ལ་ཞུགས་པས་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༡༠་ལོར་ཧྲིན་ཀྲུན་དུ་ཚོགས་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་གླུ་བའི་འགྲན་ཚོགས་སྟེང་དུ་བྱ་དགའ་ཨང་གསུམ་པ་ཐོབ། ༢༠༡༠་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་རིམ་པ་དང་པོའི་བོད་ཀྱི་དབྱངས་མཁན་རྒན་བསྟན་འཛིན་སྤེན་ནོར་ལགས་ཀྱིས་རྒྱབ་སྐྱོར་བླ་མེད་གནང་བར་རྟེན་ནས་རང་ཉིད་ཀྱི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་༼བོད་ཀྱི་ལོང་པ་ཞིག་གི་སེམས་ཀྱི་གཅོང་སྒྲ།༽་ཞེས་པ་ཕབ་བསྐྲུན་ལེགས་པར་གྲུབ། དེ་རྗེས་སུ་༼ཚེ་རབས་ཀྱི་འོད་གསལ་༽་ཞེས་པ་ཕབ་བསྐྲུན་བྱས། ཐེངས་འདིར་ཡང་བོད་ཀྱི་དབྱངས་མཁན་རྡོ་བ་ཆོས་གྲགས་ལགས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བར་ཁེན་ནས་(ས་ཆེན་གྱི་སྐྱོ་གླུ་)ཞེས་པའི་གླུ་འདི་བདག་ལ་ལེན་པའི་སྐལ་བ་ལྡན་བྱུང་བས། ཕྲན་གྱི་འཕྲིན་སྟེགས་འདི་བརྒྱུད་དེ་ནམ་ཡང་བདག་ལ་བྱམས་བརྩེ་ཡི་ཕྱག་ཟུང་ཡངས་པོར་བསྲིངས་པའི་རྣམ་པ་ཡོངས་ལ་ཐུག་རྗེ་ཞུ་བ་ཡིན།

གླུ་གཞས། ས་ཆེན་གྱི་སྐྱོ་གླུ་ལ་ཉན་ས། http://music.tibet3.com/music/playlist/2018-11-27/422.html