གཡུ་སྒྲོན་མཚོ། ཀློག་གྲངས། གཡུ་སྒྲོན་མཚོ།

༈ མཚམས་སྦྱོར་མདོར་བསྡུས།

    མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ནུབ་ཕྱོགས་ཀྱི་འབྲོག་སྡེ་ཆེན་མོ་ཕ་ཡུལ་ཐེམ་ཆེན་རྫོང་འབྲུག་ཁྱུང་ཡུལ་ཚོ་ནས་འཚར་ལོངས་བྱུང་བའི་གླུ་མ་གཡུ་སྒྲོན་མཚོ་ནི་གནག་ཆུང་བེའུ་རྫི་དུས་ནས་བཟུང་ཞང་ཨ་ལ་ལ་མོ་དབྱངས་ལ་འགུག་པར་སྤྲོ་བ་དང་ལང་ཚོའི་རྨི་ལམ་གླུ་གར་ལ་གཞོལ་བའི་གླུ་མ་ཆུང་ཆུང་ཞིག་ཡིན། ཆུང་དུས་སུ་ཁྱིམ་ཚང་གི་ཆ་རྐྱེན་སོགས་ཀྱི་དབང་གིས་རིམ་བཞིན་སློབ་གྲྭ་འགྲིམ་པའི་སྐལ་བ་ཆད་ནའང་། རྨི་ལམ་གྱི་དར་ཐག་ཕྲ་མོར་རེ་བས་འཇུས་སྟེ་གླུ་གཞས་སྒྱུ་རྩལ་ལ་སྦྱངས་བ་ནན་ཏུར་བྱས་ནས་གྲུབ་འབྲས་མི་དམན་པ་བླངས་པ་ནི།5ལོའི་རྒྱལ་ཡོངས་མི་ཆུང་རྟགས་མ>>འི་ལ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པ་དང་། <<2015ལོའི་ཀྲུང་གོའི་འདུན་མ>>འི་ཞེས་པའི་བརྗོད་དོན་རྒྱལ་ཡོངས་གྲངས་ཉུང་མི་རིགས་གླུ་གཞས་འགྲན་ཚོགས་ལས་འགྲན་རིམ་བརྒྱུད་མཐར་བྱ་དགའ་ཨང་གསུམ་པ་བླངས་ཤིང་། 2007ལོའི་<<ཀྲུང་གོ་རྨ་ཆུ་གེ་སེར་>>ཞེས་པའི་བརྗོད་དོན་རྡུང་ལེན་སྒྱུ་རྩལ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། 2014ལོའི་<<ཞིན་ཧྭ་རྟགས་མའི་ཚྭ་འདམ་སྐར་མ>>ཞེས་པའི་ན་གཞོན་འགྲན་ཚོགས་ལས་བྱ་དགའ་ཨང་གཉིས་པ་ཐོབ། རྒྱལ་ཡོངས་སྐབས་གཉིས་པའི་སློབ་ཆེན་སློབ་མའི་གངས་རྒྱན་མེ་ཏོག་སྙན་ངག་གྱེར་འདོན་འགྲན་བསྡུར་ཁྲོད་གཟི་བརྗིད་ལྡན་པའི་གཞས་མའི་མཚན་སྙན་བྱ་དགའ་གནང་ཤིང་།2007ལོའི་ཐེམ་ཆེན་ཀླུ་རོལ་དབྱར་སྟོན་དུས་ཆེན་དང་2009ལོའི་ཀྲུང་གོ་དམངས་གླུ་སྤྲོ་ཚོགས་སོགས་སུ་གདན་འདྲེན་བྱས་པ་མ་ཟད།2008ལོའི་མཚོ་ནུབ་ཁུལ་དང་པེ་ཅིང་མཛའ་འབྲེལ་འཁྲབ་སྟོན་སོགས་སུ་མཚོ་སྔོན་དང་མཚོ་ནུབ་ཀྱི་འཐུས་ཚབ་ལ་གདན་འདྲེན་ལྟར་ཞུགས་པ་དང་། 2015ལོའི་བོད་ཀྱི་དམངས་གླུའི་འགྲན་ཚོགས་ཆེན་མོ་དང་2016ཀྲུང་གོའི་ཚྭ་འདམ་དམངས་གཞས་སྤྲོ་ཚོགས་ཆེན་མོ་སོགས་ཞུགས་མྱོང་བ་དང་།2017ལོའི་མཚོ་ནུབ་ཁུལ་བོད་ཀྱི་དམངས་གླུ་འགྲན་སྡུར་གྱི་སྐབས་དང་པོ་ལ་ཆེད་ཞུས་དཔྱད་འདེམས་པ་དང་ཁུ་ནུ་རྩོམ་རིག་བྱ་དགའི་བོད་རིགས་རྩོམ་པ་པོ་བཅུ་གཅིག་གདམས་ཐོན་བྱུང་བ་སོགས་སུ་ཚུད་པའི་གྲས་ཡིན་པ་མ་ཟད། ས་བབ་མཐོ་སྒང་གི་མགྲིན་ཚབ་གླུ་མའི་ཚབ་བྱས་ནས་རྒྱལ་ནང་སོགས་སུའང་ཕྱིན་ནས་གླུ་གཞས་ཀྱི་མཆོད་པ་འབུལ་བ་ལ་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་རིམ་པ་ནས་བྱ་དགའ་དང་དགའ་བསུའི་བསྔགས་བརྗོད་ཀྱི་ཁ་གཡང་རབ་དང་རིམ་པ་མང་པོ་འཐོབ་གྱུརད་ཏོ།།