རྩེ་གཞུང་ཚེ་སྐྱིད། ཀློག་གྲངས། རྩེ་གཞུང་ཚེ་སྐྱིད།

༈ མཚམས་སྦྱོར་མདོར་བསྡུས།

微信图片_20171120212622.jpg

        ཕ་ཡུལ་རྩེ་གཞུང་རིང་མོ་ནས་འཚར་ལོངས་བྱུང་བའི་རྩེ་གཞུང་གླུ་མ་ཚེ་སྐྱིད་ནི་ཆུང་བྱིས་པའི་དུས་ནས་གླུ་ངག་གི་དབྱངས་རྟར་མོས་ཞེན་ཆེ་ཞིང་ཕ་མེས་ཀྱི་སྲོལ་རྒྱུན་གླུ་གཞས་ལ་འབད་དུང་གི་འདུན་པ་དྲག་པའི་གཞོན་སྐྱེས་གླུ་མ་ཞིག་ཡིན། ཐོག་མའི་གླུ་ངག་གི་རྨི་ལམ་ཕྲ་མོའི་ཕ་ཡུལ་གྱི་གར་སྟེགས་ནས་འགོ་བརྩམས་སྟེ་རྫོང་དང་ཁུལ་ད་དུང་ས་ཕྱོགས་གཞན་གང་མང་གི་གླུ་ལེན་དགོང་འཚོགས་དང་འགྲན་སྡུར་ཆེ་ཆུང་གང་རུང་བརྒྱུད་ནས་གླུ་ངག་སྙན་མོས་ཕ་ཡུལ་མང་ཚོགས་ཀྱི་རེ་འདུན་བསྐངས་མྱོང་། (གངས་རིའི་བུ་མོའི་ལྷན་འཛོམས་)དང་(སྙན་རིའི་གཟི་དཔལ་)སོགས་ནས་ཁོ་མོས་ངག་གི་འགྱུར་ཁུག་དང་ལང་ཚོའི་མཛེས་བ། དབྱངས་ཀྱི་གདངས་འགྲོས་ཀྱིས་ལྟན་མོ་བ་ཁྲི་སྟོང་གི་ཡིད་དབང་འཕྲོག་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བྱུང་།

        མིང་གྲགས་ཅན་གྱི་གླུ་མ་དབྱངས་ཅན་སྒྲོལ་མས་མཛུབ་སྟོན་དང་ཉམས་མྱོང་བརྗེ་རེས་སོགས་ཀྱིས་སྒྱུ་རྩལ་གྱི་ལམ་བུ་སྔར་ལས་རྒྱ་ཆེ་བ་དང་མདུན་པ་སྔར་ལས་ཡངས་པར་གྱུར། ཁོ་མོར་ལ་རང་ཉིད་ཀྱི་ཚོར་བ་དང་གླུ་ངག་གཉིས་ལས་མཆེད་པའི་གླུ་གཞནས་བརྩམས་ཆོས་མང་པོ་ཡོད་ལ་དེ་དག་ལས། དྲན་པའི་ན་ཟུག་དང་། རེ་འབོད་སོགས་རྡུང་ལེན་དང་ལ་གཞས་བསྐོར་ཞིག་ལ་དྲ་ལམ་སོ་སོ་ནས་དགའ་བསུས་གྲངས་འབོར་ངེས་ཅན་ཞིག་ལ་སླེབས་པ་དང་ཡང་དང་བསྐྱར་གྱི་རེ་བ་བཅངས་མྱོང་། སྤྱོད་ཡག་གཞུང་བཟང་གི་གླུ་མ་འདི་ལ་ལྷན་སྐྱེས་ཀྱི་གླུ་ངག་སྙན་མོ་ལྡན་ལ། གླུ་ངག་དེ་ལས་ཁྱོད་ཀྱིས་རང་བྱུང་གི་མཛེས་པ་དང་སྣོད་བཅུད་ཀྱི་དཔལ་ཡོན་ལ་རོལ་ཐུབ་པའི་མྱོང་ཚོར་སྦྱིན་ངེས་ཡིན།

        ཚིག་བརྒྱ་མདོར་དྲིལ་ན། ཕ་མེས་ཀྱི་དབྱངས་རྟ་སྙན་མོར་སླད་མ་འདྲེས་པར་ངག་གི་དྭངས་བར་འདྲེན་པའི་གླུ་མ་འདིའི་གླུ་ངག་གི་མདུན་ལྗོངས་སྔར་ལས་ཡངས་བའི་སྨོན་འདུན་སྙིང་ནས་ཞུ།

         ཆེད་བསྒྲིགས་དྲ་གནས། http://music.tibet3.com/music/playlist/2017-11-21/393.html