སངས་རྒྱས་ཚེ་རིང་། ཀློག་གྲངས། སངས་རྒྱས་ཚེ་རིང་།

༈ མཚམས་སྦྱོར་མདོར་བསྡུས།

        གསར་སྐྱེས་གླུ་བ་སངས་རྒྱས་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་གླེ་གཞུག་སྡེ་བ་ནས་སྐྱེས། 2015ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དངོས་གཞི་སྡེ་ཁག་ནས་སློབ་མཐར་ཕྱིན། 2012ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གླུ་བ་བཅུའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ལ། 2013ལོར་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་གླུ་དབྱངས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས། 2014ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚབ་བྱས་ཏེ་ཐའེ་ཝན་ལ་འཁྲབ་སྟོན་བྱེད་དུ་སོང་བ་དང་། 2015ལོརCUBLརྒྱལ་ཡོངས་སློབ་ཆེན་སློབ་མའི་ལྒང་ལི་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། ཉེ་ལམ་མཚོ་སྔོན་ཨ་ཁུ་པད་མ་མི་རིགས་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟིའི་ནང་ལས་གཉེར་བྱེད་བཞིན་ཡོད།

གཞས་ལ་གསན་རོགས། music.tibet3.com/music/playlist/2016-03-02/255.html