གཡུ་སྒྲོན། ཀློག་གྲངས། གཡུ་སྒྲོན།

༈ མཚམས་སྦྱོར་མདོར་བསྡུས།

       གླུ་མ་གཡུ་སྒྲོན་ནི་འབའ་གཞུང་གཡང་གི་ར་བ་དང་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་ནས་འཚར་ལོངས་བྱུང་ཞིང་། ད་ལྟ་མཚོ་ལྷོ་མི་རིགས་གླུ་གར་ཚོགས་པར་བྱ་བའི་ལས་ཀ་གཉེར་བཞིན་ཡོད།ཁོ་མོ་ཆེས་དགའ་ས་ནི་བོད་ཀྱི་སྲོལ་རྒྱུན་དམངས་གླུ་ཡིན་ལ།ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རྒྱ་ཆེའི་ལྟད་མོ་བ་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད།ཐེངས་མང་པོ་ཞིག་ལ་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པ། ཞིང་ཆེན་རིམ་པས་འཁྲབ་སྟོན་གདན་ཞུ་བྱས་མྱོང་བ་དང་དགའ་བསུ་ཡང་མང་པོ་ཐོབ་མྱོང་། ལྷག་པར་དུ2015ལོའི་ཟླ་བཅུ་བར་སྐབས་དང་པོའི་རྒྱལ་ཡོངས་ཀྱི་གཉུག་མའི་དམངས་གླུ་འགྲན་ཚོགས་ཆེན་མོའི་སྟེང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་2012ལོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་ནས་སུའེ་ཙེར་རྒྱལ་ཁབ་དང་།ཨོ་སི་ཁྲུ་རི་ཡ་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་བཞི་ལ་སོང་ནས་འཁྲབ་སྟོན་བྱས་པར་དགའ་བསུ་མི་དམན་པ་ཐོབ།
      《ཞང་ཡ་རེ་བུ་ལོ》ཟེར་བའི་འོད་སྡེར་འདིའི་ནང་དུ་ཨ་མདོའི་དམངས་གླུའི་ཁྱབ་ཁོངས་ལས། ས་ཁུལ་སོ་སོའི་ལེན་སྟངས་ཁྱད་པར་ཅན་དང་། གཞས་ཚིག་ཁྱད་པར་ཅན། དབྱངས་འགྲོས་ཁྱད་པར་ཅན་དམིགས་སུ་བཟུང་ནས་བདམས་བཀོད་བྱས་ཡོད་ལ། ལྷག་པར་དུ་རོལ་དབྱངས་སྦྱོར་སྟངས་དང་སྒྲིག་སྟངས་ཐད་ནས་ཀྱང་སྲོལ་རྒྱུན་གྱི་རོལ་ཆས་དང་དེང་རབས་ཀྱི་རོལ་ཆས། དེ་ལས་གཞན་མི་རིགས་གཞན་པའི་རོལ་དབྱངས་ཀྱི་གྲུབ་ཆ་སྣ་ཚོགས་བསྡུ་ལེན་བྱས་ཏེ། དམངས་གླུའི་རང་དབང་སྒྲ་རྟགས་དེ་དབྱངས་འགྲོས་ཅན་དང་། ཆེད་ལས་ཅན་གྱི་ཐབས་ལམ་སྤྱད་དེ་རོལ་དབྱངས་ཀྱི་ཆེས་རྩ་བའི་གཞུང་ལུགས་དང་མཐུན་ཅི་ཐུབ་བྱས་ཡོད་པ་རེད།འདི་ཡིས་མདོ་སྨད་བོད་ཀྱི་སྲོལ་རྒྱུན་དམངས་གླུའི་རོལ་དབྱངས་སྒྲིག་སྦྱོར་ཐད་ཅུང་ཐོལ་བརྒལ་གྱི་ནུས་པ་ཐོན་ཨེ་ཡོད་སྙམ།

གཞས་ལ་གསན་རོགས།  music.tibet3.com/music/playlist/2016-02-14/250.html