པད་མ་འཚོ། ཀློག་གྲངས། པད་མ་འཚོ།

༈ མཚམས་སྦྱོར་མདོར་བསྡུས།

      གངས་རིའི་ཕྲེང་བ་ཚར་དུ་དངར་ཞིང་། རྩྭ་ཐང་སྔོན་མོ་ཡངས་ཤིང་ཆེ། རྟ་ནོར་ལུག་གི་འཕེལ་ཁ་དར་ཞིང་། མཛེས་སྡུག་གི་མེ་ཏོག་རྣམ་པར་བཀྲ་བའི་གནས་མཆོག་རྒན་གྱའི་རྩྭ་ཐང་ནས་འཚར་ངས་བྱུང་བའི་བོད་རིགས་བུ་མོ་པདྨ་འཚོ་ནི་ཆུང་དུས་ནས་གླུ་གར་ལ་ཧ་ཅང་དགའ་ཞིང་། སློབ་གྲྭ་ཆུང་འབྲིང་འགྲིམ་པའི་དུས་ནས་བཟུང་གླུ་དབྱངས་ལེན་མགོ་བརྩམས།  ལྷག་པར་དུ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་ཀན་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། རང་ཉིད་ཀྱི་དགའ་ཕྱོགས་དེ་བཏང་སྙོམས་སུ་མ་བཞག་པར་གར་སྟེགས་མང་པོ་ནས་གླུ་དབྱངས་བླངས་ཤིང་། རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་དྲོན་མོ་སེམས་སུ་ཉར་ནས། བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ལམ་བུར་སྙེག་པའི་རེ་བ་གཏན་དུ་བོར་མྱོང་མེད།   ཁོ་མོ་སློབ་གྲྭ་འགྲིམ་པའི་དུས་ནས་བཟུང་སློབ་གླིང་གི་རིག་རྩལ་བྱ་འགུལ་གང་མང་ལ་ཞུགས་ནས་གླུ་དབྱངས་ལེན་པར་སྦྱོང་བརྡར་བྱས་པར་མ་ཟད། གཞན་ད་དུང་གླུ་གཞས་འགྲན་སྡུར་དང་དགོང་ཚོགས་སྟེང་བྱ་དགའ་ཐེངས་མང་པོར་ཐོབ་པ་དང་། ཁོ་མོའི་བླངས་པའི་གླུ་དབྱངས་ལ་ཐུན་མོང་མ་ཡིན་པའི་དབྱངས་རྟས་ཀུན་ནས་ཕྱུག་ཅིང་། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་གླུ་གཞས་གཏོང་སྟངས་གཉིས་ཟུང་དུ་སྦྲེལ་བའི་ཁྱད་ཆོས་ཤིག་མངའ་བར་མ་ཟད། ཁོ་མོས་རང་ཉིད་ཀྱི་སྐད་ངག་སྙན་མོ་ལ་བརྟེན་ནས་བླངས་པའི་གླུ་སྐད་ལ་ རིགས་མཐུན་སྤུན་ཟླ་ཡོངས་ཀྱིས་དགའ་བསུ་བྱས་དང་བྱེད་བཞིན་ཡོད།

41414