འཇམ་དབྱངས་རྒྱ་མཚོ། ཀློག་གྲངས། འཇམ་དབྱངས་རྒྱ་མཚོ།

༈ མཚམས་སྦྱོར་མདོར་བསྡུས།

འཇམ་དབྱངས་རྒྱ་མཚོ་ལགས་ནི་མདོ་སྨད་རེབ་གོང་དུ་སྐྱེས། ཆུང་དུས་ནས་བོད་ཀྱི་གཞས་དང་ཞབས་བྲོ་སོགས་ལ་ཧ་ཅང་དགའ། སློབ་ཆུང་དང་སློབ་འབྲིང་སོགས་ཀྱི་སྐབས་སུ་གླུ་གཞས་མང་པོ་བླངས་མྱོང་། སྤྱི་ལོ་༢༠༠༦ ནས་༢༠༠༩ ལོའི་དབར་དུ་མཚོ་སྔོན་སྒྱུ་རྩལ་སློབ་གླིང་ནས་ལོ་གསུམ་གྱི་རིང་ལ་གླུ་གཞས་ཆེད་གཉེར་སློབ་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་ཕ་ཡུལ་རེབ་གོང་དུ་ལོག་ནས་གླུ་གཞས་དང་འབྲེལ་ནས་བྱ་བ་གཉེར་འགོ་ཚུགས།  

འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས། གཞས་པ་ཞིག་ལ་མཚོན་ན་སྐད་ངག་བདེ་མོ་ཞིག་དང་སྨྲ་ལྕེ་དག་མོ་ཞིག་དགོས་རྒྱུ་ནི་མ་མཐའི་ཆ་རྐྱེན་ལྟ་བུ་ཡིན་ལ། གླུ་གཞས་གང་ཞིག་བླངས་བ་དེ་སྤུས་དག་མོ་ཞིག་དང་དོན་ལྗིད་མོ་ཞིག་དགོས་བ་མ་ཟད་། ལྷག་པར་དུ་། རང་གི་ཕ་སྐད་ཀྱི་ཚེ་སྲོག་གཞས་པའི་ངག་དང་གཞས་ཀྱི་ཚིག་གཉིས་ལ་བསྟིམས་རྒྱུ་ནི་བོད་ཀྱི་གཞས་པ་ཞིག་ལ་མཚོན་ན་གལ་ཆེ་བར་བསམ་བཞིན་ཡོད་། 

ཉེ་ལམ། ཡོན་ཏན་མགོན་པོས་དབྱངས་དང་འཇིགས་མེད་ནུབ་པས་ཚིག་བརྩམས་པའི་ཁོང་གི་གླུ་གཞས་ཐོག་མ་《མི་ལ་རས་པ་》སྒྲ་ཕབ་ལེགས་འགྲུབ་བྱུང་ཡོད་ཅིང་། གླུ་གཞས་དེ་ལ་བོད་ཕྱི་ནང་གཉིས་སུ་དགའ་བསུ་འཐོབ་བཞིན་ཡོད། 

ཁོང་གི་གཞས་ལ་ཉན་ས། http://music.tibet3.com/music/playlist/2015-06-23/214.html