གངས་ཟེར། ཀློག་གྲངས། གངས་ཟེར།

༈ མཚམས་སྦྱོར་མདོར་བསྡུས།

    གངས་ཟེར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ཞོ་འོང་ཡུལ་དུ་སྐྱེས་ཤིང་། ཆུང་དུས་ནས་གླུ་ལེན་སྒྱུ་རྩལ་དགའ་བའི་ཁོ་རང2007ལོའི་དབྱར་ཁར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་དབྱིན་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་པེ་ཅིན་ཆུའི་ལུའུ་རོལ་དབྱངས་སློབ་ཆེན་འགྲིམས་ཏེ་ལོ་གསུམ་གྱི་རིང་ལ་རང་གི་དགའ་ཕྱོགས་ལྟར་རོལ་མོའི་གཞུང་ལུགས་དང་གླུ་གཞས་ལེན་སྟངས། རྣོ་སྦྲེང་དང་ཀར་ཐེར་དཀྲོལ་ལུགས་སོགས་ལ་སློབ་སྦྱོང་ཟབ་མོ་བྱས། 2011ལོའི་ཟླ་གསུམ་པར་རྨ་ལྷོ་རྩེ་ཁོག་ཏུ་རོལ་མོའི་དགེ་རྒན་གྱི་བྱ་བར་ཞུགས་ཤིང་། དབྱར་དགུན་གནང་གི་ཁོམ་གསེང་གི་དུས་ཚོད་ཁྲོད་རྒྱའི་རོལ་མོ་བ་གྲགས་ཅན་ཀྲང་ཐའོ་ཡི་མདུན་ལ་བསྙེགས་ནས་རོལ་མོ་སྒྲིག་བཟོ་དང་དབྱངས་རྩོམ་ལུགས་སོགས་སློབ་བཞིན་ ཡོད་ལ།ནུབ་གླིང་གི་དེང་རབས་རོལ་མོ་དང་མི་རིགས་རང་གི་སྲོལ་རྒྱུན་རོལ་མོ་སྟེ་དམངས་གླུ་དང་རྩེད་རིག བཤད་པ། ཤགས། སྒྲ་སྙན་རྡུང་ལེན།སྒྲུང་མགུར། སྐོར་བྲོ། ནང་མ་སོགས་ལའང་སྦྱོང་བ་ཅི་ལྕོགས་བྱེད་བཞིན་ཡོད།

    ཁོའི་བརྩམས་ཆོས་ལ། 《དབྱངས་ཅན་ལྷ་མོ》《ས་སྒང་གི་བླ་ན》《ལྷ་མཚོའི་བརྩེ་གླུ》《ང་ལ་ཅི་ཡང་མེད་པས་ལན་སོང》སོགས་གླུ་གཞས་ཉི་ཤུ་ལྷག་ཡོད་ལ།《ས་སྒང་གི་བླ་ན》་མ་གཏོགས་པའི་གླུ་གཞས་གཞན་པ་ཚང་མ་རང་ཉིད་ཀྱིས་དབྱངས་བརྩམས་པ་མ་ཟད། རོལ་མོ་སྒྲིག་བཟོ་བྱས་པའི་བརྩམས་ཆོས་ཀྱང་བཞི་བཅུར་ཉེ། ད་ལོའི་ཟླ་བརྒྱད་པར་རང་ཉིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《ལྷ་སའི་ཕྱིར་དྲན》རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྩིས་ཡོད།   །

གཞས་ལ་གསན་རོགས།  http://music.tibet3.com/music/playlist/2014-04-28/150.html