མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གཞས་པ་རིག་འཛིན་ཐར་གྱི་ཆེད་བསྒྲིགས་མི་འགྱངས་པར་སྤེལ་རྒྱུ་རེད།

2024-06-03 09:56:08 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

          ན་གཞོན་གཞས་པ་རིག་འཛིན་ཐར་གྱི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་ཐོག་མ《འཇིག་རྟེན་འཁོར་བ་འདི་ཡི་ཁུགས་སོ་རུ》ཞེས་པ་སྒྲ་ལེན་ཕབ་སྐྲུན་ལེགས་འགྲུབ་བྱུང་སྟེ་མི་འགྱངས་པར་དྲ་ལམ་སོ་སོ་བརྒྱུད་ནས་ཀུན་གྱི་སྙན་ལམ་དུ་འབུལ་རྒྱུ་རེད།
 
རིག་འཛིན་ཐར་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་ཡིན་ལ། བོད་འབྲེལ་ས་ཁུལ་ན་ཀུན་གྱི་དགའ་བསུ་ཐོབ་བཞིན་པའི་གཞས་པ་དང་མདོ་འཛིན་པའང་ཡིན།
          ཐེངས་འདིའི་ཆེད་བསྒྲིགས་ནི་དེང་རབས་བོད་ཀྱི་མཁས་དབང་རྒྱ་ཡེ་བཀྲ་བྷོ་དང་དབྱངས་རྩོམ་པ་པོ་གསང་བདག བོད་ཀྱི་རོལ་མོ་པ་འཇམ་དབྱངས་བསྟན་འཛིན་དང་གླིང་རྒྱལ་འཆི་མེད་ཚེ་རིང་། དཀའ་ཐུབ་རྒྱལ། སྒྲོལ་མ་སྐྱབས་སོགས་དང་མཉམ་འབྲེལ་སྒོས་གྲུབ་པའི་གསར་རྩོམ་གླུ་གཞས་ཀྱི་ཆེད་བསྒྲིགས་ཤིག་རེད།
ཆེད་བསྒྲིགས་ཀྱི་གླུ་གཞས་དག་དུས་ཡུན་ངེས་ཅན་གྱི་ནང་དུ་རེ་རེ་བཞིན་གཏང་རྒྱུ་ཡིན་པས་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུའོ། །