མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

པདྨ་བསམ་འགྲུབ་གྱི་ཆེད་སྒྲིག་བརྙན་འཁོར་གསར་བ«ཚངས་དབྱངས་རྒྱ་མཚོ»ཞེས་པའི་འགྲེམ་སྤེལ་ཆེད་ཚོགས་ཟི་ལིང་དུ་

2016-08-15 16:13:01 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

22111111.jpg

     པདྨ་བསམ་འགྲུབ་གྱི་ཆེད་སྒྲིག་བརྙན་འཁོར«ཚངས་དབྱངས་རྒྱ་མཚོ»ཀྱི་འགྲེམ་སྤེལ་གླུ་གཞས་ཆེད་ཚོགས2016ལོའི་ཟླ8པའི་ཚེས14ཉིན་གྱི་མཚན་མོར་ཟི་ལིང་ཨ་ཁུ་པདྨ་མི་རིགས་ཡུལ་སྲོལ་གླུ་གར་ཕོ་བྲང་དུ་བསྡུས།

    འགྲེམ་སྤེལ་ཆེད་ཚོགས་འདིའི་སྟེང་ཟི་ལིང་ས་ཁུལ་གྱི་བོད་རིགས་མང་ཚོགས་དང་ཁོའི་གླུ་གཞས་ལ་མོས་པའི་གྲོགས་པོ་མང་པོ་ཕེབས་ཡོད་པ་དང་གླུ་གཞས་ཆེད་སྒྲིག་བརྙན་འཁོར་«ཚངས་དབྱངས་རྒྱ་མཚོ»འགྲེམ་སྤེལ་བྱས་པར་རྟེན་འབྲེལ་ཞུས། འདུ་ཚོགས་སྟེང་གླུ་བ་པདྨ་བསམ་འགྲུབ་ཀྱིས་ཁོའི་གླུ་དབྱངས་བརྩམས་ཆོས《ཁྱད་མཚར》དང《ཨ་ཅེ》《ཚངས་དབྱངས་རྒྱ་མཚོ》སོགས་ཡུལ་དངོས་སུ་སྙན་མོ་ངག་ལ་བཀུག་ནས་རྒྱ་ཆེའི་གྲོགས་པོ་ཚོས་དགའ་བསུ་ཆེན་པོ་ཐོབ། 

0000000.jpg

    ཕ་ཡུལ་མཚོ་ལྷོ་ཞིན་ཧེ་རྫོང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་ན་གཞོན་གཞས་པ་པདྨ་བསམ་འགྲུབ་ལ་ཆུང་དུས་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཡོད་ཅིང་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པོ་ཡོད་པའི་ཁར་ཁོ་རང་གིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་འབད་འབུངས་ཆེར་བསྐྱེད་བྱས་པས་གླུ་གཞས་སྒྱུ་རྩལ་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད།    །