མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

སློབ་རའི་གླུ་མ་ཀུན་བཟང་སྒྲོལ་མས་བོད་སྐད་ཀྱིས་བླངས་པའི༼ སྙིང་སྡུག་ལགས ༽ལ་ཀུན་གྱིས་དགའ་བསུ་ཐོབ།

2015-04-17 09:00:53 ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ལྕགས་ཐར་ཚེ་རིང་། ཀློག་གྲངས།

         ཉེ་ཆར་མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བོད་སྐད་ཀྱིས་བླངས་བའི༼ སྙིང་སྡུག་ལགས ༽ཞེས་པ་དུས་ཚོད་ཐུང་ཐུང་གི་ནང་དུ་རྡེབ་ཚད་ཁྲི་ཁྲག་བརྒལ་ཞིང་པོད་འཕྲིན་དང་སྐད་འཕྲིན་གྱི་སྒང་ནས་བརྒྱུད་བསྐུར་ཤུགས་ཆེན་བྱས་ཤིང་དོ་སྣང་ཆེན་པོ་བྱུང་།

         ཀུན་བཟང་སྒྲོལ་མ་ནི་མཚོ་ནུབ་ཁུལ་དུར་ལམ་རྫོང་ནས་ཡིན་ཞིང་། ད་ལྟ་མཚོ་སྔོན་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་སྡེ་ཁག་ན་སློབ་སྦྱོང་བྱེད་མུས་སུ་མཆིས། ཁོ་མོ་ཆུང་དུས་ནས་གླུ་གཞས་དང་ཞབས་བྲོ་ལ་ཧ་ཅང་དགའ་ཞིང་། 2014ལོར་མཚོ་སྔོན་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་མཚོ་སྔོན་སློབ་ཆེན་སྒྱུ་རྩལ་ཚོགས་པར་ཞུགས་ནས་རང་གི་དགའ་ཕྱོགས་ལ་འབད་པ་ལྷུར་ལེན་བྱས།         ཟླ4བའི་ཚེས2ཉིན། ཁོ་མོས་མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་མའི་ཟ་ཁང་ནས་མཚར་སྡུག་གི་གར་སྟེགས་དང་། ཁྲ་ཆིལ་གྱི་གློག་འོད། མཐོ་རིམ་སྒྲ་སྤྱོད་ཡོ་ཆས་སོགས་ཀྱི་ཆ་རྐྱེན་མེད་པར་སྙན་མོ་དབྱངས་ལ་བཀུགས་ཏེ་གླུ་དབྱངས༼ སྙིང་སྡུག་ལགས ༽ཞེས་པ་བོད་སྐད་ཀྱིས་བླངས་པས། ཡུལ་དངོས་ཀྱི་དགེ་སློབ་མང་པོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་པ་དང་། ཁོ་མོའི་མཐའ་རུ་རུབ་ནས་ལག་འཁྱེར་ཁ་པར་གྱིས་སྒྲ་དང་བརྙན་བླངས་ཤིང་། ཟ་ཁང་གི་ལས་བཟོ་བ་དག་གིས་ཀྱང་ལས་འཚམས་བཞག་ནས་སྙན་དབྱངས་ཀྱི་འགྱུར་ཁུགས་ལ་རོལ་མྱོང་བྱས།

        ཁོ་མོ་སྤྱིར་བཏང་གི་སློབ་གྲོགས་གཞན་དག་དང་འདྲ་བར་གོན་པ་བབ་ཆགས་ཤིག་གྱོན་ཞིང་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་ལྷུག་པོར་གྲོལ་ཡོད་པས་བརྙན་རིས་ཁྲོད་ཀྱི་ཁོ་མོ་སྟེ་བོད་ལ་གྱོན་པའི་སྐབས་དང་ཅུང་མི་འདྲ་བའི་སྣང་བ་སྟེར། ཁོ་མོས་བཤད་རྒྱུར། ང་དང་ངའི་སློབ་གྲོགས་ཚོས་འཁྲབ་སྟོན་ཡིད་ཚིམ་པ་ཞིག་ཡོང་ཕྱིར། སློབ་གྲྭའི་འབྲེལ་ཡོད་སྡེ་ཁག་དང་མགོ་ཁྲིད་ལ་འབྲེལ་འདྲིས་བྱས་པས་ང་ལ་འཛུབ་སྟོན་གང་མང་གནང་སོང་ཟེར། ཁོ་མོས་ད་དུང་བཤད་རྒྱུར། རང་ཉིད་ཆུང་དུས་ནས་གླུ་དབྱངས་ལ་ཧ་ཅང་དགའ་ན་ཡང་། ཨ་མ་ལགས་ཀྱིས་སློབ་སྦྱོང་ལ་གནོད་པར་དོགས་ནས་རྒྱབ་སྐྱོར་མི་བྱེད་མོད། ད་ཐེངས་གླུ་ཚིག་བོད་བསྒྱུར་གྱི་དོན་དེ་ཨ་མ་ལགས་ལ་བཅོལ་རྗེས། ཁོ་མོས་ལམ་སང་ཁས་བླངས་སོང་བ་མ་ཟད་དུས་ཐུང་ནང་དུ་ཡོངས་འགྲུབ་བྱས་ནས་བསྐུར་སོང་བས། དེའི་ང་ལ་སྙིང་སྟོབས་ཆེན་པོ་བསྩལ་བྱུང་ཟེར།

6515b412b65d385306b36a5b394fd975.jpg
མཚོ་སྔོན་སློབ་གྲྭ་ཆེན་མོ། 

02.jpg
སློབ་གྲོགས་ཀུན་བཟང་སྒྲོལ་མ། 

03.jpg
ཀུན་བཟང་སྒྲོལ་མ་དང་མོའི་དགེ་རྒན། རང་རེའི་གསར་འགོད་པ་བཅས་ཀྱིས་རང་མོས་ངང་ཁ་བརྡ་བྱེད་ཀྱིན་པ།

04.jpg
ཀུན་བཟང་སྒྲོལ་མའི་འཁྲབ་སྦྱོང་བྱེད་ས། 

05.jpg
ཀུན་བཟང་སྒྲོལ་མའི་མཛུབ་སྟོན་དགེ་རྒན་ཏུང་ཞོ་ཞིན།

06.jpg
གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

07.jpg07.jpg
ཀུན་བཟང་སྒྲོལ་མ་དང་མོའི་འཁྲབ་སྟོན་བྱེད་ཡུལ་ཏེ་སློབ་མའི་ཟ་ཁང་།