མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

《མཐར་མཇུག་གི་སྦྲ་ནག》ལ་སྐབས་ཐོག་མའི་ཡཱ་གླིང་གློག་བརྙན་ཆུང་བའི་དུས་ཆེན་སྟེང“གསེར་གྱི་མེ་ཏོག་རྟགས་མའི”

2013-12-11 14:46:38 ཡོང་ཁུངས། ཀྲུངགོ་བོད་ཀྱི་དྲ་བ། གསར་འགོད་པ། བསོད་རྡོ། ཀློག་གྲངས།

            QQ图片20131210172120.jpg

      ད་ལོའི་ཚུན་ལ།མཚོ་ནུབ་བརྙན་འཕྲིན་ཁང་གི་བརྙན་འཕྲིན་སྒྲིག་བཟོ་བའམ་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་སྐུ་ཞབས་བསོད་རྡོས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་ཤིང་། སྐུ་ཞབས་དོན་འགྲུབ་ཚེ་རིང་གིས་བརྙན་སྐྲུན་དང་ལྟ་སྐུལ་སོགས་ཀྱི་འགན་ཁུར་བའི་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག་》ཞེས་པ་མཚོ་སྔོན་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་པ་བརྒྱུད།ལྟ་མཁན་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཅིང་།ལྷག་པར་དུ་བོད་རིགས་དཔྱོད་ལྡན་པ་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད།བྱ་དགའ་འང་རིབ་དང་རིམ་པ་བླངས་བར།རྒྱལ་ཡོངས་སྨྱན་བྱེད་ལས་རིགས་ཁག་དང་།བོད་ཁམས་སྤྱི་ལ་གྲགས་འགུལ་དང་བག་ཆགས་ཀྱང་ཟབ་མོ་བཞག་ཡོད་པ་རེད།

    ཉེ་ཆར།ད་ལོར་བསྡུས་པའི་སྐབས་ཐོག་མའི་ཡཱ་གླིང་གློག་བརྙན་ཆུང་བའི་དུས་ཆེན་སྟེང་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ལ་སྐབས་ཐོག་མའི་ཡཱ་གླིང་གློག་བརྙན་ཆུང་བའི《གསེར་གྱི་མེ་ཏོག་རྟགས་མའི》རྣམ་གྲངས་རྐྱང་མའི་བརྩམས་ཆོས《རྩེར་སོན་བྱ་དགའ》དང《ཕུལ་བྱུང་བྱ་དགའ》གཉིས་འཐོབ།སྐབས་ཐོག་མའི་ཡཱ་གླིང་གི་གློག་བརྙན་ཆུང་བའི་ སྒྱུ་རྩལ་དུས་ཆེན་གྱི་དམིགས་ཡུལ་ནི་ཡཱ་གླིང་གི་རྒྱལ་ཁབ་སོ་སོའི་སྔོན་ཐོན་གྱི་གློག་བརྙན་ཆུང་བའི་བརྩམས་ཆོས་དང་གློག་བརྙན་དང་བརྙན་འཕྲིན་གསར་རྩོམ་མི་སྣ་ལ་གཟེངས་བསྟོད་དང་ཡཱ་གླིང་གི་གློག་བརྙན་དང་བརྙན་འཕྲིན་བརྩམ་ཆོས་གསར་རྩོམ་བྱེད་པའི་མི་སྣའི་སྤུས་ ལེགས་བརྩམ་ཆོས་མང་བོ་སྔོག་འདོན་བྱེད་པར་སྐུལ་སློང་བྱེད་རྒྱུ་དེ་རེད།

    90fba697483e14121f4205.jpg

       རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཁོ་རེ་ཡ་དང་ཐེ་ལན་ཏྲ།ཨ་མེ་རི་ཁ་སོགས་རྒྱལ་ཁབ་དང་།ཀྲུང་གོའི་ཐེ་ཝན་དང་ཞང་ཀང་།ཨོ་མིན་ས་ཁུལ་སོགས་དང་།ནང་ལོག་གི་ཞིང་ཆེན་དང་གྲོང་ཁྱེར་ནས་བདམས་སྐྱེལ་བྱས་པའི་བརྙན་ཟློས་ཆུང་བ་དང་གློག་བརྙན་ཆུང་བའི་བརྩམ་ཆོས་1715འབྱོར་བའི་ནང་ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས་བྱས་རྗེས་བརྩམ་ཆོས་186བདམས་ཐོན་བྱུང་བ་རེད།མཚོ་ནུབ་བརྙན་འཕྲིན་འཕྲིན་ཁང་གིས་བདམས་སྐྱེལ་བྱས་པའི《མཐར་མཇུག་གི་སྦྲ་ནག》ལ་མིའི་རིགས་སྤྱི་དང་ལྷག་པར་དུ་བོད་མི་རིགས་ཀྱི་དངོས་འཚོ་བའི་གོ་རིམ་ལ་དོན་སྙིང་ལྡན་ཞིང་།རྒྱུན་ལྡན་མང་ཚོགས་ཀྱི་གཏམ་རྒྱུད་འཚོ་བ་བརྒྱུད་དེ་སྤྱི་ཚོགས་ཡོངས་ཀྱིས་གཟིགས་འདས་ཤུལ་བཞག་རིག་གནས་ལ་དོ་ཁུར་བྱེད་པ་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པར་འབོད་སྐུལ་བྱས་ཡོད་པར་མ་ཟད།ད་དུང་མཚོ་ནུབ་ས་ཁུལ་གྱི་་མི་ཆོས་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་ཡོད་པ་རེད།

90fba697483e14121f4909.jpg

    སྤྱི་ལོ་2012ལོ་ནས་བཟུང་།སྔ་གཞུག་ཏུ་《མཐར་མཇུག་གི་སྦྲ་ནག》ལ་ཀྲུང་གོའི《མཚོ་སྔོན》འཛམ་གླིང་རི་ཁུལ་དངོས་བཤུས་གློག་བརྙན་དཔྱད་འདེམས་ཁྲོད་《ཁུ་ནུ་གཡུ》རྟགས་མའི་མི་ཆོས་རིགས་ཀྱི་དངོས་བཤུས་གློག་བརྙན་རིང་གྲས་སུ་ཚུད་པའི་བྱ་དགའ་འཐོབ། ལོ་དེའི་ལོ་སྨད་ལ་སྐབས་བརྒྱད་པའི་《ཀྲུང་གོའི་དངོས་བཤུས་བརྙན་འཕྲིན་རྒྱལ་སྤྱིའི་དཔྱད་འདེམས་གྲོས་ཚོགས》ཁྲོད་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་འཐོབ།རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་དཔྱད་བསྡུར་ཁྲོད་བརྙན་འཕྲིན་ཟློས་གར་རིགས་ཀྱི་ཆེད་འཕགས་བྱ་དགའ་འཐོབ།“མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ཕུལ་བྱུང་ལེ་ཚན”དཔྱད་འདེམས་ཁྲོད་བརྙན་འཕྲིན་ཟློས་གར་རིགས་ཀྱི་བྱ་དགའ་ཨང་དང་པོ་འཐོབ།སྤྱི་ལོ་2013ལོའི་ལོ་སྨད་ལ《ཚྭ་འདམ་རྩོམ་རིག་སྒྱུ་རྩལ་གསར་རྩོམ》གྱི་བྱ་དགའ་སོགས་འཐོབ་པར།

    མིག་སྔར། སྤྱི་ཚོགས་སྨྱན་བྱེད་ལས་རིགས་ཁག་གིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་པ་རེད།

(རྩོམ་སྒྲིག་པ། བསམ་འཕེལ་ནོར་བུ།)