མདུན་ཤོག > རོལ་མོ། > འཕྲིན་གསར།འཕྲིན་གསར།

གློག་བརྙན། «སྒྲོལ་མའི་མགུལ་རྒྱན»ལོ་སར་སྐབས་སུ་ལྟ་མཁན་ལྷན་རྒྱས་ཀྱི་སྤྱན་ངར་འབུལ་རྒྱུ་རེད།

2013-09-17 17:55:14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀློག་གྲངས།

       མཚོ་སྔོན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པའི་གློག་བརྙན«སྒྲོལ་མའི་མགུལ་རྒྱན»ཨམ་སྐད་དང་དབུས་སྐད། རྒྱ་སྐད། དབྱིན་སྐད་སོགས་ཀྱི་སྐད་རིག་དང་ཡིག་གེར་བསྒྱུར་ནས་ཡོངས་སུ་འགྲུབ།

      གློག་བརྙན་འདི་ནི་བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་དང་། གློག་བརྙན་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་ལགས་ཀྱི་ཉེ་ལམ་གྱི་བརྩམས་ཆོས་གསར་བ་ཞིག་ཡིན་ལ།འདི་ལས་བོད་རིགས་བུ་མོ་སྒྲོལ་མས་མཛེས་སྡུག་ལ་རེ་སྨོན་བྱེད་པ་ལས་བྱུང་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཡིན། གློག་བརྙན་འདི་ལོ་སར་སྐབས་སུ་ཀྲུང་དབྱངས་གློག་བརྙན་ལེ་ཚན་དང་། ས་ཁུལ་དང་ཞིང་ཆེན་བརྒྱད་ཀྱི་བརྙན་འཕྲིན་ཁང་གི་ལེ་ཚན་བརྒྱུད་ནས་གཏང་རྒྱུ་དང་། མདོ་དབུས་ཁམས་གསུམ་གྱི་ཚོང་ར་ཡོངས་ལ་འགྲེམ་རྒྱུ་རེད།

01.jpg
གློག་བརྙན། «སྒྲོལ་མའི་མགུལ་རྒྱན»གྱི་དྲིལ་སྒྲོག་པར་རིས།