གཞོན་སྐྱེས་གླུ་མ་ཀླུ་མོ་ཚེ་རིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཡིན། སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཀྱིས་ཁོ་མོ་ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་དུངས་བ་ཆེ་ཞིང་། ལྷག་པར་གླུ་ལེན་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་ཡོད་པ་ཞིག་ཡིན། རང་ཉིད་ཀྱི་དགའ་ཕྱོགས་དང་ཕུགས་བསམ་མངོན་འགྱུར་བྱ་ཆེད་སྤྱི་ལོ2010ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་སྒྱུ་རྩལ་སྡེ་ཁག་ལ་རྒྱུགས་སྤྲད་ནས་གླུ་ལེན་སྒྱུ་རྩལ་ལ་སློབ་གཉེར་བྱེད་མུས་སུ་ཡོད། སྤྱི་ལོ2011དང2013ལོར་བསྟུད་མར་དགེ་ཐོན་སློབ་གྲྭའི་སློབ་རའི་གླུ་མ་མིང་གྲགས་ཀྱི་མཚན་སྙན་ཐོབ་པ་དང་། 2012ལོར་ཀྲུང་གོའི་གློག་འཕྲིན་སློབ་རའི་གླུ་བའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2013ལོར་མཚོ་སྔོན་ཞིང་ཆེན་གླུ་བ་ཆུང་ཆུང་གི་ཆེད་ལས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་བླངས། སྤྱི་ལོ2014ལོར་ལྗང་མདོག་གི་ཁྱིམ་གཞིས། ཞི་མཐུན་གྱི་གོ་ལའི་གྲོང་ཞེས་པའི་སྤྱི་ཕན་དགོང་ཚོགས་སུ་ཞུགས། ད་ལྟ་སྔར་མུས་བཞིན་གླུ་ལེན་སྒྱུ་རྩལ་ཆེད་ལས་ལ་འབད་པ་བྱེད་མུས་སུ་ཡོད་ལ། སྒྱུ་རྩལ་ལ་དུངས་པ་ཟབ་པའི་མང་ཚོགས་མང་པོ་ཞིག་ལ་གླུ་གཞས་སྙན་མོ་ཞིག་སྐྱེས་སུ་འབུལ་བར་སྟ་གོན་གང་ལེགས་བྱེད་བཞིན་ཡོད་པ་རེད།
ཀློག་གྲངས།
ཀླུ་མོ་ཚེ་རིང་།